ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

རྡ་སའི་ཁུལ་དུ་སྒོ་རྒྱ་བསྡམས་ཏེ་བྱིས་པའི་སློབ་གསོར་དཀའ་ངལ།


༄༅། དབྱིན་ཡུལ་དུ་སློབ་ཕྲུག་ཁྲི་ཚོ་ལྔ་ལྷག་ལ་ཉམས་ཞིབ་བྱས་པའི་སྐབས་སུ་བྱིས་པ་ལོ་ན་༤་དང་༥་ལ་སོན་པ་ཚོར་སྐད་ཡིག་སློབ་སྦྱོང་གི་དཀའ་ངལ་ཡོད་པ་དང་དེ་ལ་རོགས་རམ་བྱེད་དགོས་པའི་གནས་ཚུལ་ཞིག་བྷི་བྷི་སི་གསར་འགྱུརལས་ཁང་གིས་སྤེལ་འདུག དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་དཀའ་ངལ་དེ་དག་འཕྲད་ཀྱི་ཡོད་སྟབས་བཞུགས་སྒར་རྡ་རམ་ས་ལའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་བུདྷ་སྐྱབས་དང་བཀྲ་ཤིས་ལྷ་མོ་གཙོས་ཁྱིམ་བདག་གསུམ་ལ་འདས་པའི་ལོ་གཅིག་གི་ནང་དུ་ཏོག་དབྱིབས་ནད་དུག་གི་རྐྱེན་པའི་སློབ་གྲྭ་ཁག་དུས་ཐོག་ཏུ་ཚོགས་མ་ཐུབ་པ་དང་རྒྱ་གར་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་པའི་དབང་གིས་ས་གནས་མང་པོར་འགྲོ་འོང་བཀའ་སྡོམ་བྱེད་བཞིན་པའི་མཚམས་སུ་ཕྲུ་གུའི་སྐད་ཆ་དང་སྐད་ཡིག་སློབ་སྦྱོང་ལ་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་མེད་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG