༢༠༡༩ ལོའི་ཟླ་༡༡ ཚེས༧ ཉིན་གྱི་མཚན་མོར་བོད་ཀྱི་ས་ཁུལ་དཀར་མཛེས་བོད་རང་སྐྱོང་ཁུལ་སེར་ཤུལ་རྫོང་རྫ་སྨད་ཡུལ་ཚོའི་ཁོངས་སུ་ཡོད་པའི་ས་གནས་སྲིད་གཞུང་གི་ར་སྐོར་ནང་དུ་བོད་རང་བཙན་བྱེད་དགོས་སྐོར་གྱི་ཡིག་ཆ་བརྒྱ་ཕྲག་མང་པོ་ཞིག་བཀྲམ་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་གཞུང་གི་ཉེན་རྟོག་པས་
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ལོ་ན་༡༩་ལ་སོན་པའི་བོད་པའི་གྲྭ་པ་བསྟན་འཛིན་ཉི་མར་རྒྱ་ནག་གི་བཙོན་ཁང་ནང་དུ་མནར་གཅོད་དྲག་པོ་ཕོག་པའི་རྐྱེན་གྱིས་གློད་གྲོལ་བཏང་བའི་རྗེས་སུ་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་པར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་ལ་དོ་སྣང་བྱ་དགོས་པའི་
༄༅།། ཕྱི་ཟླ་དང་པོའི་ཚེས་༡༦་ནས་བཟུང་སྟེ་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ་གཙོས་ནད་ཡམས་ཀྱི་མདུན་སར་ཐོན་པའི་འཕྲོད་བསྟེན་ལས་སྣེ་ཚོར་འགོག་ཁབ་རྒྱག་འགོ་ཚུགས།
ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཨ་རིའི་སྲིད་འཛིན་༤༦་པ་ཇཱོ་བྷ་ཌན་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་རྣམ་གཉིས་ཀྱིས་ལས་ཁུར་དམ་འབུལ་གནང་། ད་ནངས་སྔ་དྲོར་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་མི་དམངས་སྤྱི་འཐུས་ལྷན་ཁང་བཅས་ཀྱིས་ཨ་རིའི་སྲིད་འཛིན་གསར་པ་གཙོ་གཞོན་གཉིས་ལ་རྟེན་འབྲེལ་ཞུས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་མི་དམངས་སྤྱི་འཐུས་ལྷན་ཁང་བཅས་ཀྱིས་ཨ་རིའི་སྲིད་འཛིན་གསར་པ་གཙོ་གཞོན་གཉིས་ལ་ལས་དོན་ཐམས་ཅད་གེགས་མེད་ལྷུན་གྲུབ་ཡོང་བའི་སྨོན་འདུན་དང་རྟེན་འབྲེལ་ཞུས་འདུག
༄༅།། ཉེ་དུས་ཨ་མི་རི་ཀའི་སྲིད་གཞུང་གིས་༢༠༢༠་ལོའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིགས་ཡིག་དེས་རྒྱ་ནག་གཞུང་གིས་བོད་ནང་ལ་ཧ་ཅང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་རྣམས་ལག་ལེན་བསྟར་བཞིན་པར་ཐད་ཀར་ཁ་གཏད་བཅག་པ་ཞིག་རེད་ཅེས་ཡུ་རོབ་ཀྱི་ཉམས་ཞིབ་ལས་ཁང་ཞིག་གི་མཁས་པ་ཚོས་འགྲེལ་བརྗོད་བྱས་ཡོད་ཅིང་།
ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་དེ་སྨན་པ་དང་སྨན་ཞབས་པ། སྨན་ཁང་གི་ལས་བྱེད་པ་སོགས་འཕྲོད་བསྟེན་ལྟ་སྐྱོང་དང་ནད་དུག་སྔོན་འགོག་གི་མདུན་སར་ཐོན་པའི་ལས་སྣེ་ཚོར་སྨན་ཡོན་སྤྲོད་མི་དགོས་པར་འགོག་ཁབ་རྒྱག་གི་ཡོད་པ་ལྟར་བདེ་ལེགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་བཅུ་ལ་འགོག་ཁབ་ཐེངས་དང་པོ་བརྒྱབ་སོང་།
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་རྒྱག་འགོ་ཚུགས་ཀྱང་བོད་པ་ཚོ་རྒྱ་ནག་གིས་བཟོས་པའི་འགོག་ཁབ་དེ་ཚད་ལྡན་ཡིན་མིན་དང་ཕན་ནུས་ཆེ་ཆུང་། འགོག་ཁབ་དེར་ཞོར་གནོད་ཅི་ཞིག་ཡོད་མེད་བཅས་ལ་བློ་དོགས་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག
ཨ་མདོ་དགའ་སྤྲོའི་ཐུག་པའི་སྦྱིན་བདག་གནམ་མཚོ་སྐྱིད་ལགས་ནི་སྤྱི་ལོ་༡༩༩༩ལོར་བོད་ནས་རྒྱ་གར་དུ་སླེབས་པ་དང་། སློབ་མཐར་ཕྱིན་རྗེས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཐུག་པའི་ཚོང་གཉེར་འགོ་འཛུགས་གནང་སྟེ་གཡས་གཡོན་གྱི་དགོན་སྡེ་དང་ཚོང་ཁང་། ཟ་ཁང་སོགས་ཀྱིས་ཨ་མདོ་དགའ་སྤྲོའི་ཐུག་པར་གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད།
ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གཟའ་ལྷག་པའི་ཉིན་འཛམ་གླིང་ཡུལ་གྲུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་འདོན་ཐེངས་༣༡་པ་བཏོན་ཡོད་ཅིང་། སྙན་ཐོ་དེར་རྒྱལ་ཁབ་༡༠༠་ལྷག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཕྱོགས་བསྡོམས་བྱས་ཡོད་པར་མ་ཟད
ནེའུ་ཡོག་གྲོང་ཁྱེར་དུ་ཚུགས་པའི་ཕྱི་ལོ་༢༠༢༠་ ལོའི་མན་ཧ་ཊན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཏུ་རྒྱལ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་བོད་པ་ན་གཞོན་གཞས་པ་བུ་ཆུང་གིས་བཟོས་པའི་མཛའ་གཞས་བརྩེ་དུང་ཞེས་པ་དེར་མན་ཧ་ཊན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གླུ་གཞས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག
དེ་རིང་སྤྱི་ཟླ་༡་ཚེས་༡༤་ཉིན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་༣༢་པ་གནས་མཆོག་རྡོ་རྗེ་གདན་དུ་དབུ་ཚུགས་ཡོད། ཐེངས་འདིའི་སྨོན་ལམ་ཆེན་མོར་ཏོག་དབྱིབས་ནད་དུག་གི་རྐྱེན་པས་བླ་སྤྲུལ་རྣམས་ཕེབས་ཐུབ་མ་སོང་། སྨོན་ལམ་ཆེན་མོའི་ས་བཅད་མ་སྟོང་ཙམ་དུ་ལོ་འདིར་སྤྱི་ཟླ་༡་པའི་ཚེས་༡༤་ནས་ཚེས་༢༣་བར་དུ་འཚོགས་གཏན་ཁེལ་ཡོད་ཟེར།
མང་སྣོན།
No media source currently available