ངོ་འཕྲད་བདེ་བའི་དྲ་འབྲེལ།

པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་འགོག་ཐབས་ཀྱི་ལས་འགུལ།


༄༅།། སྤྱི་ཟླ་༥་པའི་ཚེས་༢༤་ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དྲྭ་ལམ་དུ་བོད་རྒྱ་དབྱིན་གསུམ་གྱི་བསྒྲགས་གཏམ་ཞིག་སྤེལ་ནས་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་རྒྱ་གཞུང་གི་མི་རིགས་གཙང་སེལ་དང་ཨོ་རྩལ་འགྲན་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་ཏུ་ཉན་ཞིབ་ཚོགས་ཡོད་ཅིང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སེ་ཕེ་ལོ་སིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཧ་ཅང་གི་ཐ་ཞན་ཡོད་པར་གཞིགས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་༢༠༢༢་ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་པེ་ཅིང་ལ་འཚོགས་འཆར་ཡོད་པར་འགོག་རྒོལ་བྱ་དགོས་ཞེས་འབོད་སྐུལ་ཞུས་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ཞེས་བཀོད།།

༢༠༢༢་ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་པེ་ཅིང་ལ་འཚོགས་ཚེ། རྩལ་འགྲན་འཚོགས་ཡུལ་རྒྱལ་ཁབ་དེའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡག་པོ་ཡོད་པའི་ཁས་ལེན་བྱས་པ་མཚོན་ཐུབ། འདི་ནི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་ལྟ་གྲུབ་ལ་རྒྱབ་འགལ་རེད་ཅེས་བཀྲལ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་ཚོགས་པ་ཁག་༡༦༠་ལྷག་གིས་པེ་ཅིང་ལ་༢༠༢༢་ལོའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་རྒྱུའི་ཐག་གཅོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་ཞུ་གཏུག་རབ་དང་རིམ་པ་བྱས་ཀྱང་ཨོ་ལིམ་ཕིཀ་རྩེད་འགྲན་ལྷན་ཚོགས་ཀྱི་ཐག་གཅོད་ཕྱིར་འཐེན་བྱས་མ་སོང་། ཨོ་ལིམ་ཕིཀ་རྩལ་འགྲན་དེར་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་གྱི་ཡིན་ཞེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་བརྗོད་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG