ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་འཁྲུང་སྐོར་སྲུང་བརྩི།


༄༅།། ཕྱི་ཟླ་༧་ཚེས་༦་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་དགུང་གྲངས་༨༦་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བཞུགས་སྒར་རྡ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་གོ་སྒྲིག་འོག ལྷ་རྒྱལ་རིར་གནས་ཆུང་སྐུ་རྟེན་དབུ་བཞུགས་ཐོག་ཏུ་བསང་གསོལ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གཏམ་བཤད་སྒྲོག་སྦྱང་། ཁོང་གིས་བོད་མི་རྩམ་གཟན་ཡོངས་ཀྱིས་ངེས་པར་དུ་རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིར་སློབ་སྦྱོང་གནང་སྟེ་ཕྱར་བ་གྲུ་འདེབས་ཀྱིས་དབུ་འོག་དཔུང་འདེགས་ཞུ་རྒྱུ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའི་དགེ་རྩ་ཡིན་ཞིང་། ང་ཚོས་གང་ཐུབ་ཀྱིས་འབད་བརྩོན་ཞུ་དགོས་ཞེས་བཤད།།

གཞན་ཡང་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་བདེ་ལེགས་སྨན་ཁང་དུ་ཛ་དྲག་ནད་པ་བསྟེན་གཏུག་ཁང་གསར་པ་ཞིག་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་དབུ་འབྱེད་དང་རབ་གནས་གནང་སྟེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG