ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གཞུང་གིས་བོད་པ་བཞི་འཛིན་བཟུང་།


༄༅།། དབྱིན་ཡུལ་གྱི་བོད་རང་དབང་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྫོང་དུ་བོད་པ་བཞི་འཛིན་བཟུང་བྱས་ཡོད་ཅིང་། བོད་པ་དེ་དག་འཛིན་བཟུང་བྱས་དོན་ནི་ཁ་པར་ནང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཉར་འཇོག་བྱེད་ཡོད་སྲིད་པའི་དོགས་པས་ཡིན་འདུག གོང་ཞུས་ཚོགས་པ་དེས་ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་བའི་དུས་ཆེན་སྐབས་སུ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ས་གནས་ཁག་གི་བོད་པ་ཚོའི་ཁ་པར་རྣམས་རེ་རེ་བཞིན་བརྟག་དཔྱད་བྱས་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་སོགས་ཀྱི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG