ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་དགོས་པའི་བསྒྲགས་གཏམ་སྤེལ་བ།


༄༅།། ཕྱི་ལོ་༡༩༩༥་ལོའི་ཟླ་༥་པའི་ཚེས་༡༧་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་སྐུ་འཁོར་བཅས་པ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་༢༦་འཁོར་ཡོད་ཅིང་། ཁ་སང་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་བསྒྲགས་གཏམ་ཞིག་སྤེལ་ནས་རྒྱ་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བྱས་པའི་སྐབས་དེར་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ལས་སོན་མེད། དེས་ན་ཁོང་འཛམ་གླིང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེར་གྱུར་ཡོད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་ལ་བླ་སློབ་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད། རྒྱ་གཞུང་གིས་རྒྱལ་བ་ཡབ་སྲས་ཟུང་གི་ལོ་རྒྱུས་ཀྱི་འབྲེལ་བར་རྩིས་མེད་བཏང་བར་ངོ་རྒོལ་ཡོད་ཅེས་བཀོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་གྲོས་ཚོགས་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡོད་མེད་རྒྱ་ནག་གཞུང་གིས་འདྲི་རྩད་གནང་དགོས་པའི་འབོད་སྐུལ་ཞུས། གཞན་ཡང་པཎ་ཆེན་སྐུ་ཕྲེང་༡༡་པའི་དཔེ་དེབ་ཅིག་ཀྱང་དབུ་འབྱེད་གནང་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG