ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སྔ་ལོ་རྒྱ་ནག་ནས་ཕྱིར་འབུད་བཏང་བའི་གསར་འགོད་པ་ཨུར་སུ་ལཱ་ལ་གནས་འདྲི་བྱས་པ།


ཉེ་ཆར་ རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་ རྒྱ་བོད་མི་རིགས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་གནང་སྟེ་ བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་ ཚོགས་འདུ་དེར་ཚོགས་ཞུགས་གནང་མཁན་གྲས་ ཕྷི་རན་སེའི་གསར་འགྱུར་དུས་དེབ་ཞིག་གི་གསར་འགོད་པ་ལྕམ་ཨུར་སུ་ལཱ་ལ་ འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་འདྲི་ཞུས་པར་ ཁོང་གིས་ རྒྱ་ནག་གཞུང་གིས་རྒྱ་ནག་དང་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་ཕྱི་བསྒྲགས་མི་ཡོང་བའི་ཆེད་དུ་ ཐབས་བརྒྱ་བྱུས་སྟོང་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད་ ལྕམ་ཨུར་སུ་ལཱ་ཡིས་ རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤིང་ཅང་གི་ཡུ་གུར་ཁ་ཆེའི་ཐད་འཛིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་སྐོར་གནས་ཚུལ་ཞིག་འགོད་སྤེལ་བྱས་པར་བརྟེན་ནས་ སྔ་ལོའི་ལོ་མཇུག་ཏུ་ རྒྱ་ནག་གཞུང་གིས་ཁོང་པེ་ཅིང་ནས་ཕྱིར་འབུད་བཏང་ཡོད་པ་རེད།

XS
SM
MD
LG