ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཧོང་ཀོང་མུ་མཐུད་ནས་དབང་སྒྱུར་བྱ་རྒྱུའི་ཕྱོགས་སུ་བསྐྱོད་པ།


༅༅། །རྒྱ་ནག་དམར་ཤོག་ཚོགས་པས་ཉེ་བའི་ནང་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཡང་ན་ཚད་མཐོའི་རང་སྐྱོང་ཟེར་བའི་མིང་འདོགས་འོག་དམ་དྲག་ཇེ་ཆེར་བྱས་ཡོད་ནའང་། ན་ནིང་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ལག་བསྟར་གྱིས་གོམ་གང་མདུན་སྤོས་ཀྱིས་ཧོང་ཀོང་གི་རང་དབང་ལ་གནོན་འདོམས་བྱས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེར་མིང་ཙམ་ལས་དོན་དངོས་མེད་པར་གྱུར་ཡོད་ཅིང་། ཉེ་ཆར་རྒྱ་ནག་གིས་ཧོང་ཀོང་དམངས་གཙོ་ཤོག་ཁག་སོགས་ཁྱོན་ཡོངས་ནས་མེད་པ་བཟོ་བའི་བྱ་ཐབས་སྤེལ་བཞིན་པ་དེར་ཕྱི་ཕྱོགས་ནས་ཧངས་སངས་དགོས་པ་བྱུང་བ་དང་། རྒྱ་ནག་གིས་ཧོང་ཀོང་ལ་ཐད་ཀར་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ལག་བསྟར་གྱིས་ཧོང་ཀོང་དོ་དམ་ཤུགས་སྣོན་རྒྱག་གི་ཡོད་པའི་བློ་དོགས་བྱེད་ཀྱི་ཡོད་པའི་སྐོར་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་བསྒྱུར་གྱིས་སྙན་སྒྲོན་ཞུ་ཡི་ཡིན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG