ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་སྲིད་གཞུང་གསར་པས་བོད་དོན་ལ་སྔར་བཞིན་རྒྱབ་སྐྱོར་གནང་རྒྱུ།


Biden
Biden

༄༅།། ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པས་ཨ་རིའི་བོད་དོན་སྲིད་ཇུས་ཁག་མུ་མཐུད་དེ་ལག་ལེན་བསྟར་རྒྱུ་ཡིན། ཨ་རིའི་བོད་དོན་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་བྱ་རྒྱུ་དང་རྒྱ་ནག་གཞུང་ལ་བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ལ་གྲོས་མོལ་བྱས་ནས་བོད་དོན་ཐག་གཅོད་བྱ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་ཡོད་ཅིང་། དབུས་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་ལ་དགའ་བསུ་ཞུས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG