ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་པ་དང་ཡུ་གུར་པ། རྒྱ་རིགས་ཤེས་ཡོན་ཅན་ཚོས་ཨ་བྷ་མར་འབོད་སྐུལ།


ཟླ་བ་འདིའི་ཕྱི་ཚེས་༢༤་ དང་༢༥་གཉིས་ལ་ཨ་མི་རི་ཀའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཕོ་བྲང་དཀར་པོར་མཇལ་འཕྲད་གནང་གི་ཡོད་ཅིང་། ཁ་སང་ཕྱི་ཚེས་༡༦་གི་རེས་གཟའ་ལྷག་པའི་ཉིན་བོད་པ་དང་ཡུ་གར་པ། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་མང་པོ་ཞིག་གིས་སྲིད་འཛིན་རྣམ་གཉིས་ཀྱི་མཇལ་འཕྲད་གྲོས་མོལ་སྐབས་སུ་སྲུད་འཛིན་ཨོ་བྷ་མས་རྒྱ་ནག་གི་སྲིད་འཛིན་ལ་ བོད་དོན་དང་ཤར་ཏུར་ཀི་སི་ཐན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ལ་བཀའ་མོལ་ནན་པོ་གནང་དགོས་པའི་དགོས་འདུན་བཏོན་འདུག རེས་གཟའ་ལྷག་པའི་ཉིན་བོད་པ་དང་ཡུ་གར་པ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོབ་ཐང་དོན་གཉེར་པ་མང་པོ་ཞིག་གིས་ཕོ་བྲང་དཀར་པོའི་མདུན་དུ་གསར་འགོད་ལྷན་ཚོགས་སྐོང་སྟེ། ཁོ་ཚོས་པར་རིས་འགྲེམ་སྟོན་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད། ལས་འགུལ་སྤེལ་མཁན་ཚོས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐ་ཞན་ཡོད་པ་དེར་སྲིད་འཛིན་ཨོ་བྷ་མས་ཡོངས་གྲགས་སུ་གླེང་སློང་བྱ་བར་ པར་རིས་འགྲེམ་སྟོན་འདི་ཚུགས་པ་ཞེས་བཤད་པ་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་བརྡལ་བཤིག་ཚབས་ཆེན་གཏོང་བཞིན་པའི་ཁུངས་སྐྱེལ་དང་དཔང་རྟགས་གསལ་སྟོན་བྱ་ཆེད་ལས་འགུལ་བ་ཚོས་རྒྱ་ནག་གི་བཙོན་ཁང་ཁག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་དང་བཙོན་ཁང་དུ་འདས་གྲོངས་སུ་གྱུར་ཟིན་པའི་བཙོན་པ། དེ་བཞིན་རྒྱ་གཞུང་གིས་ཆབ་སྲིད་ཀྱི་མིང་ཐོག་ཏུ་མནར་མྱོང་བཞིན་པའི་མི་སྣ་མང་པོའི་པར་རིས་རྣམས་སྒྲིག་གཤོམ་བྱས་ཏེ། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཨ་མི་རི་ཀར་རྒྱལ་དོན་མཚམས་འདྲིར་ཕེབས་པའི་སྐབས་སུ་སྲིད་འཛིན་ཨོ་བྷ་མས་བོད་དོན་དང་ཤར་ཏུར་ཀི་སི་ཐན། རྒྱ་ནག་གི་གནད་དོན་སོགས་ལ་བཀའ་མོལ་ནན་པོ་གནང་དགོས་ཞེས་ནན་བརྗོད་བྱས་སོང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG