ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༡

བོད་མིའི་སྒྲིག་འཛུགས་ཀྱིས་ལྕམ་ནན་སི་པེ་ལོ་སི་མཆོག་ལ་ཨ་རིའི་སྲིད་འཛིན་རང་དབང་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞུས་གནང་བ།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་ལ་ཨ་རིའི་སྲིད་འཛིན་རང་དབང་གཟེངས་རྟགས་ཐོབ་ཡོད་ཅིང་། ཕྱི་ཟླ་ ༥ ཚེས་ ༣ ཉིན་སྲིད་འཛིན་ཇོ་བྷ་ཌན་མཆོག་ནས་ཨ་རིའི་ཕྲོ་བྲང་དཀར་པོའི་ཤར་ཕྱོགས་ཚོམས་ཆེན་དུ་གཟེངས་རྟགས་གནང་བཞིན་པའི་ངང་ཚུལ།

༄༅། །ཨ་རིའི་བདེ་འཇགས་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་དམིགས་བསལ་བྱས་རྗེས་ཅན་དང་། དེ་བཞིན་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་ཞབས་ཞུའི་ཐད་ལ་རླབས་ཆེན་གྱི་བྱས་རྗེས་འཇོག་གནང་མཁན་གྱི་མི་སྣར་འབུལ་སྲོལ་ཡོད་པའི་ཨ་རིའི་སྲིད་འཛིན་རང་དབང་རྟགས་མའམ། ཨ་མི་རི་ཀའི་ཆེས་མཐོའི་སྤྱི་དམངས་ཀྱི་གཟེངས་རྟགས་དེ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་དབུས་པའི་མི་སྣ་བཅུ་དགུ་ལ་ཕྱི་ཟླ་ ༥ ཚེས་ ༣ ཉིན་སྲིད་འཛིན་ཇོ་བྷ་ཌན་མཆོག་ནས་ཨ་རིའི་ཕྲོ་བྲང་དཀར་པོའི་ཤར་ཕྱོགས་ཚོམས་ཆེན་དུ་གནང་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མི་སྒྲིག་འཛུགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་ཡི་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་བརྗོད་གནང་བྱུང་།

ལྕམ་ནན་སི་པེ་ལོ་སི་མཆོག་ནི་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་མཁན་ཚད་མཐོ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། དེ་ཙམ་མ་ཟད་ལྕམ་སྐུ་ཁོང་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བློས་ཐུབ་ཀྱི་གྲོགས་པོ་ཙམ་དུ་མ་ཟད། བོད་སྤྱིའི་རྩ་དོན་ལ་རྒྱབ་སྐྱོར་ཆེ་ཤོས་གནང་མཁན་ཞིག་ཀྱང་ཡིན་པ་རེད།

ཕྱི་ཟླ་ ༥ ཚེས་ ༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སེ་པེ་ལོ་སི་མཆོག་ཕྲོ་བྲང་དཀར་པོའི་ཤར་ཕྱོགས་ཚོམས་ཆེན་གྱི་གཟེངས་རྟགས་འབུལ་བཞེས་མཛད་སྒོར་གདན་འདྲེན་ཞུ་བཞིན་པའི་ངང་ཚུལ།
ཕྱི་ཟླ་ ༥ ཚེས་ ༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སེ་པེ་ལོ་སི་མཆོག་ཕྲོ་བྲང་དཀར་པོའི་ཤར་ཕྱོགས་ཚོམས་ཆེན་གྱི་གཟེངས་རྟགས་འབུལ་བཞེས་མཛད་སྒོར་གདན་འདྲེན་ཞུ་བཞིན་པའི་ངང་ཚུལ།

དེ་དང་ཕྱོགས་མཚུངས་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་ནི་ཨ་རིའི་གྲོས་ཚོགས་ནང་འཇོག་གནང་མཛད་པའི་བོད་དོན་ཁྲིམས་འཆར་སྔ་ཕྱིར་འགན་ཁུར་གནང་མཁན་གཙོ་བོ་ཞིག་ཆགས་ཀྱི་ཡིན་ཡང་ཁོང་གིས་མུ་མཐུད་གསུངས་གནང་སོང་།

གཞན་ཡང་ལྕམ་ནན་སི་པེ་ལོ་སི་མཆོག་ལ་ཨ་རིའི་སྲིད་འཛིན་རང་དབང་རྟགས་མ་འབུལ་བཞེས་དང་འབྲེལ་ནས། ནན་སི་པེ་ལོ་སི་ཁོང་སྐུ་སྒེར་གྱི་དྲ་རྒྱའི་ཐོག ངས་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་གྱི་ཕྱག་ནས་སྲིད་འཛིན་གྱི་རང་དབང་རྟགས་མ་དེ་དགའ་པོའི་ངང་ནས་དང་ལེན་ཞུ་རྒྱུ་ཡིན། འདི་ནི་ཨ་མི་རི་ཀའི་ནང་རང་དབང་དང་འབྲེལ་བའི་གཟེངས་རྟགས་རིན་ཐང་ཆེ་ཤོས་སུ་ངོས་འཛིན་ཡོད་པ་ཞིག་རེད་ལ། རང་དབང་ནི་ང་རང་ཚོའི་དབུ་ཁྲིད་གོང་མ་རྣམ་པའི་དགོངས་གཞི་གཙོ་བོ་དེ་རེད།

ཕྱི་ཟླ་ ༥ ཚེས་ ༣ ཉིན་ཨ་རིའི་ཕྲོ་བྲང་དཀར་པོའི་ཤར་ཕྱོགས་ཚོམས་ཆེན་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་ཡུལ་དངོས་སུ་ལྕམ་སྐུ་ནན་སེ་པེ་ལོ་སི་མཆོག་དང་ཨ་རིའི་ཁྲིམས་རྩོད་པ་ཁེ་ལཱ་རེན་སི་རྣམ་གཉིས་ལྷན་བཞུགས།
ཕྱི་ཟླ་ ༥ ཚེས་ ༣ ཉིན་ཨ་རིའི་ཕྲོ་བྲང་དཀར་པོའི་ཤར་ཕྱོགས་ཚོམས་ཆེན་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་ཡུལ་དངོས་སུ་ལྕམ་སྐུ་ནན་སེ་པེ་ལོ་སི་མཆོག་དང་ཨ་རིའི་ཁྲིམས་རྩོད་པ་ཁེ་ལཱ་རེན་སི་རྣམ་གཉིས་ལྷན་བཞུགས།

དེ་བཞིན་ང་ཚོའི་རྒྱལ་ཁབ་ཀྱི་སྲུང་དམག་ཚོས་སྐུལ་ལས་ཀྱང་རང་དབང་དོན་དུ་བསྐྱོན་གྱི་ཡོད་ཅིང་། དེ་ནི་ང་ཚོས་མི་རབས་གཞོན་པ་ཚོར་བཞག་པའི་ཁས་ལེན་དམ་བཅའ་ཡང་ཡིན་པ་རེད། དེར་བརྟེན་ང་ཚོར་འདི་ལྟ་བུའི་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པར་དུས་དང་རྣམ་པ་ཀུན་ཏུ་ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་སྦྲགས། སྲིད་འཛིན་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་གནང་འདུག།

གཞི་རྩའི་ཨ་མི་རི་ཀའི་སྙན་གྲགས་ཆེ་བའི་སྲིད་འཛིན་རང་དབང་གཟེངས་རྟགས་དེ་ནི་ཕྱི་ལོ ༡༩༦༣ ལོར་ཨ་རིའི་སྲིད་འཛིན་ འཇོན་ཁེ་ནེ་ཌེ་ཡིས་གསར་དུ་དབུ་འཛུགས་གནང་བ་ཞིག་ཡིན་ཞིང་། དེ་ནི་རྒྱལ་ཁབ་དེའི་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་མཐོང་ཆེ་ཤོས་ཤིག་ཀྱང་ཡིན་པ་རེད་འདུག།

གླེང་སྟེགས།

XS
SM
MD
LG