འཛམ་གླིང་ཁོར་ཡུག་ཉིན་མོ་དང་སྟབས་བསྟུན་ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་གྱིས། གློག་བརྙན་བཟོ་སྐྲུན་པ་ཡན་ཁྲུན་སུ་ཡིས་བཟོ་སྐྲུན་གནང་བའི་བོད་ཀྱི་འབྲོག་པ་ཞེས་པའི་གློག་བརྙན་དེ་ཚེས་༥ ཉིན་ཕྱི་འབྲེལ་བོད་ཀྱི་འགྲེམས་སྟོན་ཁང་གི་ཚོགས་ཁང་དུ་གཟིགས་འབུལ་གནང་སོང་།
ཨ་མི་རི་ཀའི་ས་གཤིས་ཞིབ་འཇུག་ལས་ཁུངས་ཀྱིས་རྩིས་སྟངས་ལྟར་ན་བོད་ཤར་ཕྱོགས་སི་ཁྲོན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་ཉེ་འགྲམ་དུ་གཟའ་ཟླ་བའི་ཉིན་གུང་ས་འགུལ་ཤུགས་ཚད་ 6.6 རྒྱུགས་ཡོད་པ་དང་། ཉེ་འཁོར་གཡག་རྔ་གྲོང་ཁྱེར་དུ་ས་འགུལ་རྒྱུག་ནས་མི་ལ་འཆི་རྨས་བྱུང་པ་སོགས་ཀྱི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་འཚོག་ལ་ཉེ་བའི་སྔོན་འདིར། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་སྤྱི་དང་དམིགས་བསལ་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་གནད་གསུང་འཕྲིན་བསྩལ་བ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཡུ་རོབ་ཏུ་བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཡིན་པ་ནན་བརྗོད་གནང་ཡོད།།
རྡ་སྟེང་བོད་ཁྱིམ་སློབ་གྲྭར་འོ་སྣོད་བསྐྱར་སྐོར་དང་ཁོར་ཡུག་སྲུང་སྐྱོབ། ཕྱི་ཟླ་༦ ཚེས་༥ཉིན་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་དབྱིན་ཇིའི་དགེ་རྒན་བསྟན་འཛིན་དཔལ་མོ་ལགས་ཀྱིས་༢༠༠༩ ནས་བཟུང་སློབ་རྭའི་ནང་གི་གད་སྙིགས་ཁག་ཅིག་བསྐྱར་སྐོར་བྱས་ཏེ་སློབ་ཕྲུག་གི་ཁོར་ཡུག་འདུ་ཤེས་ཤུགས་ཆེར་བཏང་།
ཕྱི་ཟླ་༤་པའི་ཚེས་༤་ཉིན་བོད་ནང་གི་རྫོགས་ཆེན་དགོན་དུ་ཁོར་ཡུག་སྲུང་སྐྱོབ་དང་སྡོང་འཛུགས་ནགས་སྐྲུན་གྱི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་གྱི་འདུག་ཅེས་མིང་བརྗོད་འདོད་མེད་པའི་གསར་འགྱུར་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་བཏང་འདུག་ཅིང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁོར་ཡུག་ལས་འགུལ་བ་གཞོན་ནུ་མ། Greta Thunberg རྣམ་གཉིས་ཀྱི་གླེང་མོལ་སྐབས། ད་ལྟའི་ཁོར་ཡུག་དང་ཛ་དྲག་གི་གནས་སྟངས་ལ་མང་ཚོགས་ཁྲོད་ཤེས་བྱ་གོང་འཕེལ་གཏོང་རྒྱུ་ནི། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་གཙོ་བོ་དེ་ཡིན་སྐོར་བཀའ་གནང་སོང་།
རྒྱ་ནག་གི་གཏེར་ཁ་སྔོག་འདོན་ཚན་པ་ཞིག་གིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་ཁུལ། ཐེམ་ཆེན་རྫོང་གི་བོང་སྟག་མུ་རིའི་རྩ་ཐང་དུ་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་ཁུལ་དེའི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་ས་གནས་དེའི་བོད་པ་འབྲོག་པ་མང་ཚོགས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པའི་གནས་ཚུལ་རིམ་པ་ཞིག་
༄༅།། དེ་རིང་བོད་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མིང་གྲགས་ཅན་གཉན་ཚོགས་ཀྱི་སྐད་འཕྲིན་འཕྲིན་སྟེགས་སུ་གཙང་གསུམ་སྣ་མང་སྐྱེ་དངོས་ཞེས་པའི་དཔེ་དེབ་ཅིག་པར་སྐྲུན་འགྲེམ་སྤེལ་གྱིས་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་ཀྱི་ཉིན་མོ་སྲུང་བརྩི་བྱས་འདུག གཙང་གསུམ་སྣ་མང་སྐྱེ་དངོས་ཞེས་པའི་དཔེ་དེབ་འདིར་སྲོག་ཆགས་དང་སྐྱེ་དངོས་སོགས་རིགས་༡༦༦༩་ཡི་པར་རིས་འཁོད་ཡོད་པར་མ་ཟད།
བདུན་ཕྲག་གཉིས་རིང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཡུ་རོབ་རྒྱལ་ཁབ་སི་པེན་གྱི་རྒྱལ་སར་འཚོགས་བཞིན་ཡོད་ཅིང་། ཨོ་གླིང་བོད་པའི་སྤྱི་འཐུས་གདོང་འདུད་སྐྱིད་འཛོམས་ལགས་གཞུང་འབྲེལ་མིན་པའི་ཚོགས་མིའི་གནས་བབ་ཐོག་ཏུ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེར་མཉམ་ཞུགས་གནང་སྟེ། ཁོང་གིས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་འི་ཉེན་ཚབས་དང་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་གནད་དོན་རྣམས་གླེང་སློང་བྱུང་ཡོད་པའི་སྐོར།
གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཀྱི་ལས་འགུལ།
བོད་ཀྱི་ཁོར་ཡུག་ཞིབ་འཇུག་མི་སྣའི་ཚོགས་འདུ་ཐེངས་གཉིས་པ།
མང་སྣོན།