ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༦/༠༢/༠༥
བོད།
བོད་ནང་གི་ཁོར་སྲུང་སྐྱོབ་ཚོགས་པས་སྐྱེ་དངོས་སྣ་མང་གི་ཉིན་མོ་སྲུང་བརྩི།
༢༢།༠༥།༢༠༢༠
བོད་ནང་གི་ཁོར་སྲུང་སྐྱོབ་ཚོགས་པས་སྐྱེ་དངོས་སྣ་མང་གི་ཉིན་མོ་སྲུང་བརྩི།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
བོད་ནང་གི་ཁོར་སྲུང་སྐྱོབ་ཚོགས་པས་སྐྱེ་དངོས་སྣ་མང་གི་ཉིན་མོ་སྲུང་བརྩི།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:38
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། དེ་རིང་བོད་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མིང་གྲགས་ཅན་གཉན་ཚོགས་ཀྱི་སྐད་འཕྲིན་འཕྲིན་སྟེགས་སུ་གཙང་གསུམ་སྣ་མང་སྐྱེ་དངོས་ཞེས་པའི་དཔེ་དེབ་ཅིག་པར་སྐྲུན་འགྲེམ་སྤེལ་གྱིས་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་ཀྱི་ཉིན་མོ་སྲུང་བརྩི་བྱས་འདུག གཙང་གསུམ་སྣ་མང་སྐྱེ་དངོས་ཞེས་པའི་དཔེ་དེབ་འདིར་སྲོག་ཆགས་དང་སྐྱེ་དངོས་སོགས་རིགས་༡༦༦༩་ཡི་པར་རིས་འཁོད་ཡོད་པར་མ་ཟད། པར་རིས་དེ་དག་ལ་རྒྱ་བོད་སྐད་ཡིག་གཉིས་ཀྱི་མིང་འཁོད་རིས་འགྲེལ་བཀོད། དཔེ་དེབ་འདིར་འཁོད་པའི་སྐྱེ་དངོས་དང་སྲོག་ཆགས་རིགས་དེ་དག་ནི་གཉན་ཚོགས་ཀྱིས་ལོ་ངོ་༡༡་གི་རིང་ལ་རྨ་འབྲི་རྫ་གསུམ་འབབ་ཡུལ་བོད་ཀྱི་ས་ཁུལ་ཁག་ཏུ་བསྡུ་སྒྲིག་བྱས་ནས་ཟླ་བ་སྔོན་མར་དཔར་དུ་བསྐྲུན་བྱས་པ་ཞིག་རེད།།
ད་ལྟ་བོད་མི་གཞོན་སྐྱེས་མང་པོ་ཞིག་གྲོང་ཁྱེར་དུ་ནར་སོན་བཞིན་པ་དང་། བོད་ཀྱི་སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་ལ་ཆེད་དུ་ཉམས་ཞིབ་བྱེད་མཁན་དཀོན་པས་སྲོག་ཆགས་དང་སྐྱེ་དངོས་ཀྱི་མིང་སོགས་འདུས་པའི་རིག་གནས་རྩ་ཆེན་ཞིག་ཉམས་དམས་སུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པའི་སྐབས་འདིར་གཉན་ཚོགས་ཀྱིས་བཏོན་པའི་སྣ་མང་སྐྱེ་དངོས་ཀྱི་དཔེ་དེབ་འདིས་སྟོང་ཆ་ཆེན་པོ་ཞིག་བསྐངས་། ཁྱད་པར་དུ་གཉན་ཚོགས་ཞེས་འབོད་པའི་མགོ་ལོག་གི་གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་གསར་འཛུགས་པ་འཇུ་བཀྲ་ཤིས་བཟང་པོ་ལྟ་བུར་མཚོན་ན་ལོ་མང་པོར་བོད་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་འདབ་ཆགས་ཀྱི་རིགས་ལ་དམིགས་བསལ་གྱིས་ཉམས་ཞིབ་བྱས་ཡོད་པས་མི་མང་པོ་ཞིག་གིས་ཁོང་ལ་བྱ་བླ་མ་ཞེས་འབོད་སྲོལ་ཞིག་དར། སྣ་མང་སྐྱེ་དངོས་ཞེས་པའི་དཔེ་དེབ་དུའང་འཇུ་བཀྲ་ཤིས་བཟང་པོ་དང་ཁོང་གིས་བཙུགས་པའི་ཚོགས་པ་འདིའི་ཚོགས་མི་ཚོས་ཆེད་དུ་ཉམས་ཞིབ་བྱས་ནས་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིགས་ལ་ངོས་འཛིན། དབྱེ་གསེས་བྱས་ནས་དེབ་ཏུ་ཕྱོགས་བསྒྲིགས་བྱས་ཡོད་པ་ཞིག་རེད།།
གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ནི་སྤྱི་ལོ་༢༠༠༧་ལོར་བཙུགས། ཚོགས་པ་འདིས་གཉན་པོ་གཡུ་རྩེའི་རི་རྒྱུད་གཙོས་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁོར་ཡུག་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ཀྱི་རིགས་བརྙན་ལམ་དུ་ཟིན་ཐོར་བཀོད་ནས་སྲུང་སྐྱོབ་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་ཅིང་། བོད་ཀྱི་ས་ཁུལ་ཁུག་ཏུ་རྩི་ཤིང་དང་སྲོག་ཆགས་ཀྱི་རིགས་མེད་བརླག་ཏུ་མི་འགྲོ་བའི་ཆེད་དུ་ཉམས་ཞིབ་ཀྱི་ལས་དོན་འདི་གཉེར། དེང་སྐབས་མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ཞེས་དཔེ་དེབ་ཁག་ཅིག་ཀྱང་བཏོན་འདུག ས་གནས་མི་དམངས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་གོ་རྟོགས་སྤེལ་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་མང་པོ་སྤེལ་གྱི་ཡོད་པ་རེད།།
རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་ཀྱི་ཉིན་མོ་ཞེས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༡༩༩༢་ལོར་ཐག་གཅོད་བྱས་པ་ཞིག་ཡིན། སྤྱི་ལོ་༢༠༠༡་ལོ་ནས་བཟུང་སྟེ་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་ཀྱི་ཉིན་མོ་འདི་ལོ་ལྟར་སྤྱི་ཟླ་༥་བའི་ཚེས་༢༢་ལ་གཏན་ཁེལ་བྱུང་རྗེས་ལོ་རེ་བཞིན་དུ་སྲུང་བརྩི་བྱེད་བཞིན་འདུག གཉན་ཚོགས་ཀྱི་འཕྲིན་སྟེགས་སུ་ངོ་སྤྲོད་གནང་བ་ལྟར་ན། ཉིན་མོ་འདི་ནི་འགྲོ་བ་མིའི་རིགས་ཀྱི་སྤྱོད་ལམ་གྱི་གོ་ལ་ཧྲིལ་པོའི་སྣ་མང་སྐྱེ་དངོས་རྩ་མེད་གཏོང་བཞིན་པར་དྲན་སྐུལ་བྱེད་པའི་ཉིན་མོ་རེད་ཅེས་བཀྲལ། ད་སྔ་གོ་ལ་ཧྲིལ་པོར་སྲོག་ཆགས་དང་རྩི་ཤིང་གི་རིགས་ངོས་ཟིན་ཡོད་པ་ས་ཡ་༨་ཙམ་ཡོད་པ་དེའི་ཁོངས་ནས་ས་ཡ་༡་ལྷག་རྩ་སྟོང་དུ་འགྲོ་རྒྱུའི་ཉེན་ཁར་ཐུག་འདུག་ཅེས་བཀོད། ཉིན་མོ་འདིར་གཉན་ཚོགས་མ་ཡིན་པའི་བོད་པ་སྒེར་པ་ཁག་ཅིག་གིས་ཀྱང་བོད་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་པར་རིས་དང་རྩོམ་ཡིག་རྣམས་རང་རང་གི་སྐད་འཕྲིན་སོགས་དྲྭ་རྒྱའི་བརྒྱུད་ལམ་དུ་བཀྲམ་ནས་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་ཀྱི་ཉིན་མོར་སྲུང་བརྩི་བྱས་འདུག
འབྲེལ་ཡོད།
ཨ་ལ་སྒྲ་སྙན་ནད་ཡམས་རིང་བཟོ་སྐྲུན་བྱེད་བཞིན་པ།
XS
SM
MD
LG