ད་ལྟ་ཡུཀ་རེན་གྱི་ཞི་བའི་མི་མང་རྣམས་ཉེན་གཡོལ་དུ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བྲོས་བྱོལ་དུ་སྐྱོད་ཐབས་བྱེད་བཞིན་ཡོད་ཅིང་། ཨུ་རུ་སུས་བྲོས་བྱོལ་དུ་འགྲོ་མཁན་ཚོར་ལམ་ཁ་ཕྱེ་ནས་མེ་འཕེན་མཚམས་འཇོག་བྱེད་ཆོག་ཅེས་ཁས་ལེན་བྱས་མོད། འོན་ཀྱང་ས་གནས་ཁ་ཤས་ལ་མེ་འཕེན་མཚམ་འཇོག་མ་བྱས་པར་མི་འབུམ་ཕྲག་མང་པོར་འབྲོ་སའི་ལམ་མེད་པར་ལུས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།