ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བདུན་ཕྲག་ཁ་ཤས་ནས་ཡུཀ་རེན་ལ་གཏོར་རྒོལ་ཚབས་ཆེན་འབྱུང་ཉེན།


༄༅།། དེང་སྐབས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་གི་ཡོད་པར་ལམ་ལྷོངས་དེ་ཙམ་ཡོང་གི་མེད་ཅིང་། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་མ་འོངས་པའི་བདུན་ཕྲག་འགའ་ཤས་ནས་ཡུཀ་རེན་ལ་གཏོར་རྒོལ་ཚབས་ཆེན་ཕོག་སྟེ་གང་ཅིའི་གནས་སྟངས་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་འདུག་ཅེས་ཉེན་བརྡ་བཏང་འདུག དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པས་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་མི་དམངས་ལ་དྲག་གནོན་བྱས་ནས་ལན་པ་སློག་རྒྱུ་ཤུགས་ཆེ་རུ་གཏོང་སྲིད་པའི་སྐོར། རིག་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG