ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་དོན་ཞི་བའི་གོམ་བགྲོད་པ་གཉིས་སྒང་ཏོག་ཏུ་འབྱོར་བ།


༄༅།། བོད་དོན་ཞི་བའི་གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་དང་བསྟན་འཛིན་ཉི་མ་གཉིས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་འབྲས་ལྗོངས་ཀྱི་རྣམ་ཐོས་ལའི་བར་དུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་མགོ་བརྩམས། དེ་རིང་ཕྱི་ཟླ་ ༢་ཚེས་༢་བར་དུ་དུས་ཡུན་ཟླ་བ་གསུམ་ལ་ལམ་ཐག་སྤྱི་ལེ་༢༡༠༠་ལྷག་འགྲིམས་ནས་ཕྱི་དྲོའི་ཆུ་ཚོད་༣་པའི་ཐོག་ཏུ་འབྲས་ལྗོངས་ཀྱི་རྒྱལ་ས་སྒག་ཏོག་ཏུ་བདེ་འབྱོར་བྱུང་ཞིང་། ཁོ་ཚོར་ཁུལ་དེའི་ཆོལ་གསུམ་ཚོགས་ཁང་དུ་བོད་པ་ཚོས་མཇལ་དར་སྒྲོན་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

བསྟན་འཛིན་དོན་གྲུབ་ཀྱིས་དེ་རིང་སྔ་དྲོར་ངོ་དེབ་ནང་དུ་གོམ་བགྲོད་ཀྱི་གནས་ཚུལ་ཐད་སྲིང་བྱས་པ་ལྟར་ན། ཁོ་གཉིས་འབྲས་ལྗོངས་སུ་འབྱོར་བའི་རྗེས་སུ་ཁུལ་དེར་གནས་འཁོད་བོད་པ་༣༠་ལྷག་གོམ་བགྲོད་ལས་འགུལ་ལ་མཉམ་ཞུགས་བྱས་ནས་རྒྱབ་སྐྱོར་ཡིད་ཚིམས་པ་ཞིག་ཐོབ་ཡོད་ཅིང་། རུམ་སྟེག་དགོན་པའི་གྲྭ་ཚེ་རིང་དཔལ་འབྱོར་གྱིས་ལས་འགུལ་བ་གཉིས་ལ་བསྔགས་བརྗོད་དང་ཁོ་པ་རང་ཉིད་ཀྱང་འདས་པའི་ཉིན་ཤས་རིང་སྤྱི་ལེ་༩༠་ཐམ་པར་གོམ་བགྲོད་མཉམ་དུ་བྱས་འདུག

བསྟན་འཛིན་དོན་གྲུབ་དང་བསྟན་འཛིན་ཉི་མ་གཉིས་དེ་རིང་སྒང་ཏོག་ཏུ་ངལ་གསོ་བརྒྱབ་སྟེ་སང་ཉིན་བོད་དོན་ཞི་བའི་གོམ་བགྲོད་པ་༦༠་ཡས་མས་ཤིག་གི་མཉམ་དུ་བོད་དང་འབྲས་ལྗངས་ཀྱི་ས་མཚམས་སྣ་ཐོས་ལར་བསྐྱོད་འཆར་ཡོད་པར་མ་ཟད། སྔ་ལོའི་ཕྱི་ཟླ་༡༡་པའི་ཚེས་༢་ནས་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་འགོ་བཙུགས་ཏེ་ཧི་མ་ཅལ་མངའ་སྡེ་དང་པན་ཇབ། ལྡི་ལི་དང་ཨུ་དྷར་པར་དྷེ་ཤི་སོགས་མངའ་སྡེ་དྲུག་གི་ནང་དུ་གསར་འགོད་ལྷན་ཚོགས་བསྐོངས་ནས་བོད་དོན་དྲིལ་བསྒྲགས་གང་ཐུབ་བྱས་ཡོད་པ་སོགས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG