ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

གུང་གསེང་ལ་སྡེར་ཁའི་ཁ་ཟས་བཟོ་འཚོང་བྱེད་མཁན་གྱི་སློབ་ཕྲུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་སྐལ་བཟང་འཕྲིན་ལས་ལགས་ནི་༢༠༡༢ ལོར་བོད་ནས་བཙན་བྱོལ་དུ་འབྱོར་བ་དང་། ཁོང་གིས་སློབ་གྲྭའི་དགུན་ཁའི་གུང་སེང་དང་བསྟུན་རྡ་རམ་ས་ལར་ལོ་གསར་གྱི་སྡེར་ཁའི་ཁ་ཟས་བཟོ་ཚོང་གཉེར། འཛིན་རིམ་བཅུ་གཉིས་པའི་སློབ་ཕྲུག་ཁོང་ལ་འདི་ལོའི་༧རྒྱལ་བའི་གསོལ་ཐབ་ཀྱི་སྡེར་ཁ་བཟོ་རྒྱུའི་སྐལ་བ་བྱུང་འདུག

མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་སྐལ་བཟང་འཕྲིན་ལས་ལགས་ནི་༢༠༡༢ ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བ་དང་། ཁོང་གིས་འདི་ལོར་སློབ་གྲྭའི་དགུན་ཁའི་གུང་སེང་དང་སྟབས་བསྟུན་བཞུགས་སྒར་རྡ་རམ་ས་ལར་ལོ་གསར་གྱི་སྡེར་ཁའི་ཁ་ཟས་ཚོང་གཉེར་བྱེད་བཞིན་ཡོད། མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ནང་སློབ་སྦྱོང་གནང་བཞིན་པའི་སློབ་ཕྲུག་ཁོང་ལ་འདི་ལོའི་༧རྒྱལ་བའི་གསོལ་ཐབ་ཀྱི་སྡེར་ཁ་བཟོ་རྒྱུའི་གོ་སྐབས་བྱུང་བ་འགྲེལ་བརྗོད་གནང་སོང་།
XS
SM
MD
LG