ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྤྱི་འཐུས་ཚོས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོར་མཇལ་འཕྲད།


༄༅།། བོད་མི་དམངས་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་དང་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཁག་ཅིག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཉིན་དྲུག་བྱས་ཡོད་ཅིང་། ད་རེས་ཀྱི་ཞུ་སྐུལ་ལས་འགུལ་སྐབས་སུ་བོད་ནང་ལ་ཛ་དྲག་ཆེ་རུ་འགྲོ་བཞིན་པ་དང་རྒྱ་གར་གྱི་ཚོགས་པ་ཚང་མས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་ཡོང་ཐབས། བོད་དོན་ཐག་གཅོད་ལ་བོད་རྒྱའི་གྲོས་མོལ་སླར་གསོ་ཡོང་ཐབས་སུ་རྒྱ་གར་གྱིས་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་ཞུ་འདུག་པ་བཅས་ཀྱི་སྐོར། ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལ་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG