ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༡/༢༠

རྒྱ་གར་སུ་ཡོད་པའི་བཀྲིས་ལྷུན་པོ་དགོན་པས་པཎ་ཆེན་རིན་པོའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ།


སྤྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔའི་ཉིན་མོ་དེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ ད་ཆ་དགུང་གྲངས་ཉི་ཤུ་རྩ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཁྱད་པར་ཅན་ཞིག་ཡིན་པས་ དེ་ཉིན་ རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱེད་པའི་བཀྲིས་ལྷུན་པོ་དགོན་པས་ རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་ལྟ་གང་དུ་ཡོད་མེད་དང་ གནས་སྟངས་ཇི་འདྲ་ཆགས་ཡོད་མེད་སོགས་སུས་ཀྱང་ཤེས་རྟོགས་མེད་པར་འགྱུར་བའི་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཡབ་ཡུམ་དང་བཅས་པ་སྐུ་ཁམས་བདེ་ཐང་ཡོང་བའི་སྨོན་འདུན་དང་བཅས་ གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག་པ་དེ་དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG