ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་ཆར་ཕྱི་ཟླ་༡༢་ཚེས་༡༥་ཉིན་ཞིན་ཅང་གི་ཁ་ཤི་སྒར་གྲོང་ཁྱེར་གྱི་ས་གནས་ཤིག་ཏུ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ཡུ་གུར་པ་༡༤་བསད་ཅིང་། ད་ལྟ་ཕྱི་ལོགས་ན་ཡོད་པའི་ཞིན་ཅང་གི་ཡུ་གུར་པའི་འགྲོ་བ་མི་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྩད་གཅོད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་བསད་པའི་ཡུ་གུར་པ་དེ་དག་གི་གྲས་སུ་བུད་མེད་༦་ཡོད་པ་དང་། ཁོ་ཚོ་ཁྱིམ་ཚང་གཅིག་ནས་མཆེད་པའི་བཟའ་མི་རྣམས་མ་ཁྱིམ་ལ་ལྷན་འཛོམས་བྱས་ཏེ། ཁྱིམ་ཚང་དེའི་བུ་ཕྲུག་ཅིག་གི་གཉེན་སྟོན་ལ་གྲོས་བསྡུར་བྱེད་ཀྱི་ཡོད་པའི་སྐབས་སུ་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་ཁྱིམ་ཚང་དེར་རྒོལ་རྡུང་བྱས་ནས་བཟའ་མི་ཡོངས་རྫོགས་བསད་པ་མ་ཟད། ཁྱིམ་ཚང་དེའི་བཟའ་མི་ཚོས་ཀྱང་ཉེན་རྟོག་པར་རྒོལ་ལན་སློག་ནས་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་གཉིས་ལ་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད་པ་རེད།།
XS
SM
MD
LG