ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༢/༡༧

རང་སྲེག་ངོ་རྒོལ་བ་ལུང་རྟོགས་འདས་གྲོངས།


ཕྱི་ཟླ་༨་ཚེས་༡༣་ཉིན་རྔ་པ་ཀིརྟི་དགོན་པའི་ཉེ་འཁོར་དུ་རང་ལོ་༢༠་ཡས་མས་སུ་སོན་པའི་གྲྭ་བ་ལུང་རྟོགས་དང་རང་ལོ་༢༡་ལ་སོན་པའི་ཁྱིམ་པ་བཀྲ་ཤིས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། ཁོང་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་རྗེས་སུ་ཉེན་རྟོག་པས་བཀྲ་ཤིས་དང་ལུང་རྟོགས་གཉིས་རླངས་འཁོར་ནང་དུ་བཙན་ཁྲིད་བྱས་པ་དང་། དེ་རིང་ཕྱི་ཟླ་༨་ཚེས་༡༤་ཉིན་ལུང་རྟོགས་འབར་ཁམས་སྨན་ཁང་དུ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ངེས་གཏན་བྱས་ཐུབ་ཀྱང་འདས་པོ་དེའི་ཕུང་པོ་ཕ་མ་དང་ནང་མི་ཚོར་རྩིས་སྤྲོད་བྱས་མེད་པ་དང་། ཁོང་གི་རོགས་པ་བཀྲ་ཤིས་ལའང་འབར་ཁམས་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་པའི་ཚོད་དཔག་ཙམ་ལས་ཁོང་གི་ལུས་པོར་འཚིག་སྐྱོན་བྱུང་བའི་གནས་སྟངས་ཚབས་ཆེ་ཆུང་དང་ད་ལྟ་འཆི་གསོན་ཅི་ཡིན། ཁོང་གིས་ཁ་གྲག་སྟེ་སྐད་ཆ་བཤད་ཐུབ་ཀྱི་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་རྩད་གཅོད་མི་ཐུབ་པ་མ་ཟད། ཁ་སང་གི་རང་སྲེག་ངོ་རྒོལ་བྱུང་བའི་སྐབས་སུ་ས་གནས་དེའི་བོད་པ་མང་པོ་ཞིག་ལའང་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་བཏང་སྟེ་མི་ཁག་ཅིག་རྨས་སྐྱོན་ཚབས་ཆེ་ཕོག་པ་དང་། ད་དུང་སྐབས་དེར་མི་བདུན་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་བཏང་ཡོད་མེད་དང་གང་དུ་བཀག་ཉར་བྱེད་ཡོད་མེད་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་རྩོད་བྱེད་ཐུབ་ཀྱི་མེད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG