ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༣/༡༢/༠༣

ཨ་རིས་གློ་ཚད་སྔོན་འགོག་ཆེད་དུ་འགྲུལ་པར་བརྟག་དཔྱད།


༄༅།། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ནས་ཐོན་པའི་གློ་ཚད་ཀྱི་ནད་ཡམས་དེ་ ཨ་མི་རི་ཀར་ཁྱབ་བརྡལ་འགྲོ་སྲིད་པ་སྔོན་འགོག་གི་ཆེད་དུ་རྒྱ་ནག་ནས་ཡོང་བའི་འགྲུལ་སྐྱེལ་གནམ་གྲུ་ཚང་མ་གནམ་ཐང་བདུན་དུ་མ་གཏོགས་བབ་མི་ཆོག་པ་དང་ ཨ་རིའི་གཞུང་གིས་ངེས་གཏན་བྱས་པའི་གནམ་ཐང་དེ་དག་ལ་འབྱོར་བའི་འགྲུལ་པ་ཚང་མར་འགོས་ནད་ཀྱི་ནད་རྟགས་ཡོད་མེད་བརྟག་དཔྱད་དང་ཞིབ་འཇུག་གཟབ་ནན་བྱ་རྒྱུ་ཡིན་པར་མ་ཟད ཉེ་ཆར་རྒྱ་ནག་ལ་ཕྱིན་པའི་ཕྱིའི་རྒྱལ་ཁབ་ཀྱི་སྤྱི་དམངས་རྣམས་ཀྱང་ཨ་མི་རི་ཀར་ཡོང་མི་ཆོག་པའི་དམ་དྲག་བྱ་རྒྱུ་ཡིན་པ་སོགས་ཀྱི་བྱ་ཐབས་མང་པོ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG