ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ས་ཁག་ཏུ་གློ་ཚད་རིམས་ནད་ཁྱབ་གདལ།


༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཐོན་པའི་ཚབས་ཆེའི་གློ་ཚད་རིམས་ནད་དེརྒྱ་ནག་ནས་ཡོང་བའི་འགྲུལ་པ་ཚོ་བརྒྱུད་དེ་བོད་ཀྱི་ས་ཁུལ་ཁག་ཏུ་ཁྱབ་གདལ་འགྲོ་བཞིན་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་གསལ་བསྒྲགས་བྱས་པར་གཞིགས་ནལྷ་སར་རྒྱ་ནག་གི་ཝུཧན་གྲོང་ཁྱེར་ནས་ཡོང་བའི་འགྲུལ་པ་གཅིག་ལ་འགོས་ནད་དེ་ཕོག་ཡོད་པའི་དོགས་གཞིའི་འོག་ཏུ་ི་དེར་སྨན་བཅོས་བྱེད་བཞིན་ཡོད་ཅིང་། ད་དུང་བོད་་གནས་སྡོད་བྱ་ཡུལ་ཞིང་ཆེན་ཁག་བཞིའི་ནང་དུའང་འགོས་ནད་དེ་ཕོག་ཡོད་པའི་མི་གྲངས་༡༥༠་ཡས་མས་ཤིག་བྱུང་འདུག་ཅེས་གསལ་བསྒྲགས་བྱས་ཡོད་པར་བརྟེན། ཝུ་ཧན་གྱི་གློ་ཚད་རིམས་ནད་བོད་ས་ཡོངས་ལ་ཁྱབ་གདལ་འགྲོ་བཞིན་པའི་རྣམ་པ་ཞིག་མངོན་ཡོད་པའི་སྐོརགསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡིརེད

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG