ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༢/༠༨

ཝུ་ཧན་གྱི་ནད་དུག་དང་བོད་ཀྱི་གྲོང་ཚོ་ཁག་གི་འགྲོ་འོང་བཀག་སྡོམ།


རྒྱ་ནགི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའིཏོག་དབྱིབས་ནད་དུག་གི་རྐྱེན་པབོད་ཀྱི་ཞིང་འབྲོག་ས་ཁུལ་ཁག་གིགྲོངཚོ་ཕན་ཚུན་བར་དུའངའགྲོ་འོང་བཀགསྡོམ་བྱས་ཡོད་པ་དང་། བོད་ཀྱི་རྒྱལ་སར་མགྲོན་ཁང་ཚང་མ་སྒོ་རྒྱག་བཞིན་པའི་སྟབས་ཀྱི་ཕྱོགས་ཡོང་གི་མགྲོན་པོ་རྣམས་རང་གནས་སུཕྱིར་ལོག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོནའདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཟླ་བ་འདིའི་ཕྱི་ཚེས་༢༨་ཉིན་མགོ་ལོག་ཁུལ་དུ་ཚོགས་འདུ་ཞིག་བསྐོངས་ནས་ཐེངས་འདིའིནད་ཡམསསྐོར་ལདཀྲོག་གཏམསྒྲོམས་པའམཡང་ན་གནས་ཚུལ་རྫུན་བཟོ་བྱས་ནས་དྲྭ་ལམ་ཁག་ཏུསྒྲགས་ན་ཁྲིམས་འགལ་བྱས་པའིཉེས་ཆད་གཅོད་རྒྱུ་ཡིནད་ལྟའིཛ་དྲག་གི་སྐབས་འདིར་ཟ་མ་དང་ཁ་རསསོགས་ཀྱིརིན་གོང་སྤར་ནས་ཚོང་སྒྱུར་བྱེད་མཁན་རྣམས་སྲིད་གཞུང་ལཞུ་གཏུག་བྱ་དགོསཁོ་ཚོདེ་མ་ཐག་ཏུ་ཁྲིམས་ལ་སྦྱར་ནསགནད་དོན་ཐག་གཅོད་ནན་པོབྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱསའབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པརབརྗོད་འདུག

གསར་འགྱུར་མཁོ་སྤྲོད་པའིབརྗོད་དོན་གཙོ་བོ་ནིནད་ཡམསའདིའི་སྐབས་སུ་མི་མང་ལ་མགོ་སྐོར་བཏང་ནས་བཟའ་བཅའི་རིགས་ཉོ་རུ་འཇུག་པ་སོགས་དཀྲོག་གཏམ་གྱི་རིགས་སྒྲོགས་མཁན་བྱུང་ན་རྒྱལ་ཁབ་ཀྱི་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིནམང་ཚོགས་ཀྱིརྟག་ཏུགཟབ་གཟབ་དང་མི་མང་པོ་འདུ་འཛོམས་བྱེད་མི་ཆོགཅེས་བཀའ་ཁྱབ་བཏང་འདུག

ཡང་བོད་ཀྱི་རྒྱལ་ས་ལྷ་སར་མཚོ་སྔོན་དང་ཀན་སུའུཆབ་མདོ་སོགས་བོད་ཀྱི་ས་ཁུལ་གཞནནས་མཆོད་མཇལ་དུ་སླེབས་ནསམགྲོན་ཁང་དུ་བསྡད་ཡོད་པའི་བོད་པརྣམས་རང་གནས་སུཕྱིར་ལོག་བྱེད་བཞིན་ཡོད་ཅིང་། ཕྱི་ཚེས་༢༩་ཉིན་ནས་བཟུང་སྟེལྷ་ས་གྲོང་ཁྱེར་གྱི་མགྲོན་ཁང་ཚང་མ་སྒོ་རྒྱག་དུ་འཇུག་ཡོད་འདུག ལྷག་པར་དུ་ཕྱི་ཚེས་༢༦་ཉིན་ནས་བཟུང་སྟེསེ་འབྲས་དག་གསུམ་གཙོས་ལྷ་སའིགཙུག་ལག་ཁང་དང་རྩེཔོ་ཏ་ལར་མོ་ཆེསོགས་མཆོད་མཇལ་བྱ་ཡུལ་ཚང་མ་སྒོ་རྒྱབ་ནས་ཡུལ་སྐོར་བ་དང་མཆོད་མཇལ་བ་ཚང་མ་བཀག་ཡོད་པར་མ་ཟདད་དུང་གྲོང་ཁྱེར་ནང་གི་ཟ་ཁང་དང་ཚོང་ཁང་མང་པོ་ཞིག་ཀྱང་གནས་སྐབས་རིང་སྒོ་འབྱེད་ཐུབ་ཀྱི་མེད་པར་བརྟེནགནས་སྐོར་བརྣམས་ལྷ་སར་བསྡད་ཀྱང་རྣམ་དཀར་དགེ་སྦྱོར་གྱིལས་དོན་གང་ཡང་སྒྲུབ་ཐུབ་ཀྱི་མེད་པས་མི་རྣམསརང་གནས་སུཕྱིར་ལོག་བྱེད་བཞིན་པའི་གནས་ཚུལ་ཐོན

ལྷ་སར་སྒེར་གྱི་རླངས་བཏང་ནས་ཡོང་བའི་གནས་སྐོར་བ་དང་འགྲུལ་པ་རྣམས་རང་གནས་སུ་ཕྱིར་ལོག་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་ཕྱི་ཚེས་༣༠་ཉིན་མྱུར་སྐྱོད་གཞུང་ལམ་སྟེང་དུརླུང་འཁོར་གི་འཚང་ཁ་ཧ་ཅང་ཆེན་པོ་འདུག་ཅེས་བོད་ནང་གི་བོདཔ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་སོང་། མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའིརོང་ཕྱོགསཁྲི་ཀ་སྡེ་་དང་གཅན་ཚ་སོགས་ཀྱིགྲོང་སྡེ་ཕན་ཚུན་བར་དུའངའགྲོ་འོང་བྱེད་མི་ཆོག་ཅེསབཀག་སྡོམ་བྱསཡོད་པའི་གནས་ཚུལ་ཐོནའདུག དེ་བཞིནམཚོ་ལྷོ་ཁུལ་གྱིབཟའ་བཅའི་ཁྲོམ་ར་ཆེན་པོ་ཞིག་གི་ནང་དུ་ཕྱིཚེས་༢༩ཉིནགྲོཕྱེདང་འབྲསསྣུམ་བཅས་ཉིན་གཅིག་གི་རིང་ལ་མང་ཚོགས་ཀྱི་འཚང་ཁ་ཤིག་ཤིག་ཉོསཟིནཔའི་གནས་ཚུལ་ཐོན

ད་ལྟ་བོད་ཀྱི་ས་གནས་ཁག་གིཁུལ་སོ་སོ་དང་རྫོང་སོ་སོའིབར་གྱི་གཞུང་ལམ་ཕལ་ཆེ་བར་བཀག་ནས་ཡུལ་མི་རྣམས་ཕན་ཚུན་འགྲོ་འོང་བྱེད་དུ་འཇུག་རྒྱུ་མིན་ཞེས་བཀོད་པའི་བརྡ་ཁྱབ་བརྙན་ཐུང་དང་ཡིག་ཆམང་པོ་ཞིག་སྤྱི་ཚོགས་དྲྭལམ་ཁག་ཏུ་ཁྱབ་བཞིན་ཡོད་ཅིང་། གལ་སྲིད་འགྲིམ་འགྲུལ་དང་མི་མང་གི་འགྲོ་འོང་འགགས་ནས་ཡུན་རིང་ལུསཚེམང་ཚོགས་ལ་ཕྱོགས་གང་ཐད་དུ་དཀའ་ངལ་སྣ་ཚོགས་ཤིག་ཕྲད་ནསཛ་དྲག་གི་གནས་ཚུལ་འབྱུང་སྲིད་ཅེས་བློ་འཚབ་ཆེན་པོབྱེད་བཞིན་ཡོད་འདུག

XS
SM
MD
LG