༄༅།། ཕྱི་ཟླ་༦་པའི་ཚེས་༢༣་ཉིན་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག བོད་པ་དང་འཛམ་གླིང་ཡུ་གུར་ལྷན་ཚོགས། ཧོང་ཀོང་བ་སོགས་ཀྱིས་སུད་སི་ས་གནས་ལོའོ་ཟན་དུ་གཞིས་ཚུགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཁང་གི་མདུན་དུ་༢༠༢༢་ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་པེ་ཅིང་ལ་འཚོགས་ཀྱི་ཡོད་པར་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་ཡོད་ཅིང་། ད་ཐེངས་ཀྱི་ངོ་རྒོལ་ལས་འགུལ་དེར་སུད་སི་གྲོས་ཚོགས་འཐུས་མི་དང་སྔོ་ལྗང་ཚོགས་པའི་བོད་དོན་རྒྱབ་སྐྱོར་བ་ཎི་ཀོ་ལ་སི་ཝྭོལ་ཌེར་དང་ཡུ་གུར་བའི་རང་དབང་འཐབ་རྩོད་པ་དྷོལ་ཁུན་ཨི་ས། ཧོང་ཀོང་གི་རང་དབང་འཐབ་རྩོད་པའི་སྐུ་ཚབ་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་བཅས་ཀྱི་སྐོར། སུད་སི་ནས་འདི་གའི་གསར་འགོད་པ་ནག་མགོ་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།