ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

འཛམ་གླིང་གང་སར་པེ་ཅིང་ལ་རྩེད་འགྲན་འཚོགས་རྒྱུ་དེར་ངོ་རྒོལ།


༄༅། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་ཉིན་མོར་བོད་པ་དང་ཡུ་གུར་བ། ལྷོ་སོག་པོ་དང་ཧོང་ཀོང་བ། ཐེ་ཝན་པ་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བཅས་ཀྱིས་༢༠༢༢་ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་རྒྱ་ནག་ལ་འཚོགས་ཀྱི་ཡོད་པར་ངོ་རྒོལ་བྱས་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་དང་མིའི་རིན་ཐང་ལ་བརྩི་འཇོག་བྱེད་མཁན་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་འགོ་ཁྲིད། སྐྱེ་བོ་སྒེར་པ་དང་རྒྱལ་ཁབ་སོ་སོའི་ཨོ་ལིམ་ཕིཀ་ཚོགས་ཆུང་། དེ་བཞིན་རྩེད་འགྲན་གྱི་སྦྱིན་བདག་བྱེད་མཁན་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་འཚོགས་བྱ་རྒྱུའི་རྩེད་འགྲན་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པའི་སྐོར། རིག་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG