ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་དོན་གླེང་སློང་།


༄༅། དེང་སྐབས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་ཇཱི་ཎི་ཝྭ་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༤༧་འཚོགས་བཞིན་ཡོད་ཅིང་། ཁེ་ན་ཌ་གཙོས་འཛམ་གླིང་གི་རྒྱལ་ཁབ་༤༣་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བློ་འཚབ་ཆེན་པོ་ཡོད་པར་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་ཞིན་ཅང་གི་གནས་སྟངས་ལ་གཟིགས་ཞིབ་ཏུ་གཏོང་དགོས་ཞེས་རྒྱ་ནག་ལ་སྐུལ་ལྕག་བཏང་ཡོད་པའི་སྐོར། པདྨ་བདེ་ཆེན་ལགས་ཀྱིས་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་དང་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་འཕྲིན་ལས་ཆོས་སྐྱིད་ལ་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG