ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་ངོ་རྒོལ།


༄༅།། ཕྱི་ཟླ་༦་པའི་ཚེས་༢༣་ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་ཉིན་མོར་བོད་པ་དང་ཡུ་གུར་བ། ལྷོ་སོག་པོ་དང་ཧོང་ཀོང་བ། ཐེ་ཝན་པ་དང་རྒྱ་ནག་པ་བཅས་ཐུན་མོང་གིས་༢༠༢༢་ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨ་ལིམ་ཕིཀ་རྩེད་འགྲན་དེ་པེ་ཅིང་ལ་འཚོགས་འཆར་ཡོད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཅིང་། བཞུགས་སྒར་རྡ་རམ་ས་ལར་བརྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་རྒྱ་གར་གྱི་ཨོ་ལིམ་ཕིཀ་རྩེད་འགྲན་ལྷན་ཚོགས་ལ་སྙན་ཞུ་ཕུལ་ནས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ཕྱིར་འཐེན་བྱ་དགོས་ཞེས་འབོད་སྐུལ་ཞུས་པར་མ་ཟད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤི་ཡའི་འབྲེལ་མཐུད་པ་བློ་བཟང་གཡང་མཚོ་ལ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ཀྱིས་ཁ་པར་ཐོག་ཏུ་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG