ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་གྱིས་བལ་ཡུལ་ལ་གྲོས་མོལ་མ་བྱས་པར་ཁོང་ཁྲོ།


༄༅།། ཕྱི་ཟླ་༦་པའི་ཚེས་༩་སྟེ། རེས་གཟའ་མིག་དམར་ཉིན་བལ་ཡུལ་གྱི་གྲོས་ཚོགས་སུ་རྩ་ཁྲིམས་སྒྱུར་བཅོས་ཀྱི་གྲོས་སྡུར་བྱས་པ་དང་། བལ་ཡུལ་དང་རྒྱ་གར་གཉིས་ཀྱི་རྩོད་གཞིར་གྱུར་ཡོད་པའི་ས་ཆ་ཁག་ཅིག་སྟེ། ཕྱོགས་གཉིས་ཀྱི་མཐའ་མཚམས་སུ་ཆགས་པའི་ས་གནས་ཁག་ཅིག་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་དགོས་ཞེས་གསལ་སྟོན་བྱེད་པར་བལ་ཡུལ་གཞུང་གིས་ས་ཁྲ་གསར་པ་ཞིག་བཏོན་ཡོད་ཅིང་། ད་ལྟ་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཚོས་དངོས་སུ་ས་ཁྲ་གསར་པ་དེ་གཏན་འབེབས་བྱ་སྲིད་པས་གནས་སྐབས་རིང་རྒྱ་གར་དང་བལ་ཡུལ་གཉིས་ཀྱིས་གྲོས་མོལ་བྱ་ཐུབ་རྒྱུ་མ་རེད་ཅེས་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར། བལ་ཡུལ་དང་རྒྱ་གར་གྱི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG