ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་དང་ཨོ་གླིང་གིས་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་བཞག


རྒྱ་གར་དང་ཨོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་གཉིས་ཀྱིས་༢༠༢༠།༦།༤ ཉིན་དྲྭ་ལམ་དུ་མཇལ་མོལ་གནང་བ།
རྒྱ་གར་དང་ཨོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་གཉིས་ཀྱིས་༢༠༢༠།༦།༤ ཉིན་དྲྭ་ལམ་དུ་མཇལ་མོལ་གནང་བ།

རྒྱ་གར་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱིས་དམག་དོན་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། འདི་ནི་རྒྱ་གར་རྒྱ་མཚོའི་མངའ་ཁུལ་དང་ཞི་བདེའི་རྒྱ་མཚོའི་ནང་དུ་ཆགས་པའི་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྲུང་གི་འབྲེལ་བ་དམ་ཟབ་འཛིན་རྒྱུའི་གོམ་སྟབས་དང་པོ་ཡིན་ཞིང་། ཁ་སང་གཟའ་ཕུར་བུའི་ཉིན་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་མོ་རཱི་སན་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་རྣམ་གཉིས་དྲྭ་ལམ་དུ་ཆེས་མཐོའི་ལྷན་འཛོམས་གནང་སྟེ་ཕྱོགས་གཉིས་ཀྱི་དམག་དོན་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་བཞག་པ་ཕྱིར་བསྒྲགས་བྱས་འདུག སྲིད་བློན་མོ་དྷིས་རྒྱ་གར་གྱིས་ཨོ་གླིང་རྒྱལ་ཁབ་ལ་ཕྱོགས་ཡོངས་ནས་འབྲེལ་བ་སྲ་བརྟན་ཞིག་འཛིན་རྒྱུའི་ཆོད་སེམས་བཙུགས་ཡོད། དམག་དོན་མཉམ་འབྲེལ་འདི་ང་ཚོ་འབྲེལ་ཡོད་རྒྱལ་ཁབ་གཉིས་གཅིག་པུའི་ཆེད་དུ་མིན། རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་བར་དང་འཛམ་གླིང་ཡོངས་ལ་གལ་འགངས་ཆེན་པོ་ཞིག་ཡིན་ཞེས་བཤད། སྲིད་བློན་མོ་རཱི་སན་གྱིས་ང་ཚོས་ཀྱངརྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་དུ་མངོན་ལྐོག་མེད་པ་དང་ཡོངས་འདུས། ང་ཚོའི་མངའ་ཁུལ་འདིར་རྒྱ་གར་གྱིས་འགན་འཁྲི་ལེན་དགོས་པའི་འབྲེལ་བ་ཞིག་འཛུགས་རྒྱུའི་ཆད་སེམས་བརྟན་པོ་བཙུགས་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

གྲོས་མཐུན་གསར་པ་དེར་ཨོ་གླིང་དང་རྒྱ་གར་ྱིའཐབ་ཇུས་བཀོད་སྒྲིག་ལ་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ། ཕྱོགས་གཉིས་ཀྱི་རྒྱལ་སྲུང་ཚན་རིག་དང་འཕྲུལ་རིག་མཉམ་འབྲེལ་ལག་བསྟར་གྱི་གྲོས་མཐུན་ཞེས་མིང་བཏགསརྒྱ་གར་དང་ཨོ་གླིང་གི་དམག་དོན་མཉམ་འབྲེལ་གྲོས་མཐུན་འདི་ལྷོ་རྒྱ་ནག་རྒྱ་མཚོ་ཚུད་པའི་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་དུ་ཞི་བདེ་བརྟན་ལྷིང་མེད་པར་རྒྱ་ནག་གིས་བཙན་ས་བཟུང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་གི་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར་བཞག་འདུག སྲིད་བློན་མོ་རཱི་སན་དང་མོ་དྷི་གཉིས་ཀྱིས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་དེར་རྒྱ་གར་དང་ཨོ་གླིང་གཉིས་ཀས་རང་དབང་དང་མངོན་ལྐོག་མེད་པ། ཡོངས་འདུས། རྒྱ་གར་རྒྱ་མཚོའི་ནས་ཞི་བདེ་རྒྱ་མཚོའི་བར་གྱི་མཚོ་འགྲུལ་རང་དབང་དང་མཁའ་འགྲུལ་རང་དབང་་རྒྱབ་སྐྱོར་བྱ་རྒྱུ། ཞི་བདེ་དང་མཉམ་འབྲེལ་ཐོག་ཏུ་མཐའ་ཡས་རྒྱ་མཚོ་རྣམས་བཀོལ་སྤྱོད་བྱ་དགོས་པའི་ཕུགས་བསམ་འཆང་ཡོད། ད་ཐེངས་ཀྱི་གྲོས་མཐུན་འདི་ཕྱོགས་གཉིས་ཀྱི་དམག་སྦྱོང་དང་དམག་དོན་འབྲེལ་བ་དམ་ཟབ་འཛིན་རྒྱུ། ཕྱོགས་གཉིས་ཀྱིས་རང་གི་དམག་སྒར་ཁག་ཕན་ཚུན་བཀོལ་སྤྱོད་བྱེད་དུ་བཅུག་སྟེ་དམག་དོན་འཐབ་ཇུས་ལ་རྒྱབ་སྐྱོར་བྱ་རྒྱུའི་འབྲུ་དོན་ཁག་འཁོད་ཡོད་ཅེས་བསྒྲགས།།

ཉམས་ཞིབ་པ་ཚོས་རྒྱ་གར་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱིས་དམག་དོན་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་ཞིག་བཞག་པའི་དགོས་པ་གཙོ་བོ་ནི་རྒྱ་ནག་གི་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་རྣམས་ྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོ། ལྷོ་ཨེ་ཤི་ཡ་བཅས་ལ་ཁྱབ་ཀྱི་ོད་པ་འགོག་ཐབས་ཤིག་ཡིན་ཞིང། དཔེར་ན་ལྷོ་རྒྱ་ནག་མཚོའི་ངོགས་སུ་ཆགས་པའི་ཧྥི་ལི་ཕིན་དང་ཝྭི་ཏེ་ནམ། མ་ལེ་ཞི་ཡ་དང་བྷུ་རུ་ནེ་སོགས་རྒྱལ་ཁབ་འགའ་ཞིག་གིས་རང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་ཀྱི་ཐོབ་ཐང་ཡོད་ཅེས་རྩོད་པ་རྒྱག་གི་ཡོད་མོད། འོན་ཀྱང་པེ་ཅིང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༣༠༠༠༠༠་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་པར་མ་ཟདཧྥི་ལི་ཕིན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་རྩོད་གཞི་རྒྱལ་སྤྱིའི་ཁྲིམས་ཁང་ལ་གཏུགས་ཏེ་༢༠༡༦་ལོར་རྒྱལ་སྤྱིའི་ཁྲིམས་ཁང་གིས་རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་ཆེན་པོ་ཞིག་ཡོད་ཅེས་རྩོད་ཀྱི་ཡོད་པ་དེ་ལ་ལོ་རྒྱུས་ཐོབ་ཐང་དང་ཁྲིམས་ལུགས་ཀྱི་གཞི་རྩ་འཛིན་ས་མི་འདུག་ཅེས་ཐག་བཅད། ལོ་ཤས་སྔོན་དེར་ཧྥི་ལི་ཕིན་གྱིས་སྲིད་འཛིན་དྷུ་ཐར་ཐེས་ཨ་མི་རི་ཀའི་མཚོ་དམག་རྣམས་ཧྥི་ལི་ཕིན་གྱི་གྲུ་ཁར་འབབ་ཆོག་པའི་གྲོས་མཐུན་བཞག་ཡོད་པར་རྩ་འཛིན་བྱ་རྒྱུ་མིན་ཞེས་བསྒྲགས། ཡིན་ནའང་གཟའ་འཁོར་འདིར་ཧྥི་ལི་ཕིན་གྱི་གཞུང་གིས་རང་གི་གྲུ་ཁ་དེར་ཨ་མི་རི་ཀའི་མཚོ་དམག་རྣམས་འབབ་ཆོག་པའི་གྲོས་མཐུན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ཐག་གཅོད་བྱས་འདུག

ཨོ་གླིང་རྒྱལ་ཁབ་ཀྱིས་སྔ་མོ་ནས་ཨ་མི་རི་ཀར་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་གྲོས་མཐུན་བཞག་སྟེ་ལོ་རབས་༨༠་བ་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་དང་བར་སྣང་ནས་མྱུལ་ཞིབ་བྱ་རྒྱུ་འགོ་ཚུགས། ཨོ་གླིང་གི་མཚོ་དམག་དང་ཨ་མི་རི་ཀའི་མཚོ་དམག་གིསལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུའི་ལམ་སྲོལ་ཞིག་བཙུགསན་ནིང་རྒྱ་གར་དང་ཉི་ཧོང་། ཧྥི་ལི་ཕིན་གྱི་མཚོ་དམག་རྣམས་ཀྱང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ་ཀྱི་མཉམ་འབྲེལ་དམག་སྦྱོང་དེར་ཞུགས། རྒྱ་གར་གྱིས་ཨོ་གླིང་རྒྱལ་ཁབ་ལ་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་བཞག་པ་ཙམ་མིན་པར་ཨ་མི་རི་ཀ་དང་ཉི་ཧོང་ལའང་དམག་གི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པ་སྟེ། རྒྱ་གར་གཞུང་གིས་ཨ་མི་རི་ཀ་དང་ཉི་ཧོང་གི་དམག་རྣམས་མགྲོན་འབོད་བྱས་ནས་མ་ལ་བྷར་གླིང་ཕྲན་དུ་དམག་སྦྱོང་བྱཤིང་། གཟའ་ཕུར་བའི་གྲོས་མཐུན་དེ་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་དང་ཁ་འཛིང་ཐུག་སྟེ་ཛ་དྲག་ཆེ་རུ་འགྲོ་བཞིན་པ་དང་ཕྱོགས་གཉིས་ཀས་བོད་ཀྱི་ས་མཚམས་ཁག་ཏུ་དམག་དཔུང་ཁ་སྣོན་གཏོང་གི་ཡོད་པའི་སྐབས་འདིར་བྱུང་འདུག རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇི་ན་ཐེ་སིང་གིས་རྒྱ་དཀར་ནག་གཉིས་ཀྱིས་དངོས་སུ་སྟངས་འཛིན་བྱེད་ཡོད་པའི་ས་མཚམས་ཁག་ཏུ་རྒྱ་ནག་གི་དམག་དཔུང་ཕོན་ཆེན་ཞིག་འགྲེམ་འཇོག་བྱེད་ཀྱི་འདུག་ཅེས་བཤད། ཟླ་བ་སྔོན་མ་ནས་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་འབྲས་ལྗོངས་ཀྱི་རྣ་ཐོས་ལ་དང་ལ་དྭགས་ཕྱོགས་ཀྱི་སྤང་ཀོང་མཚོ་འགྲམ་སོགས་མཚམས་ཁག་འགའ་ཞིག་ཏུ་ལག་འཛིང་ཐུག་སྟེ་ཕྱོགས་གཉིས་ཀྱི་དམག་མི་འགའ་ཞིག་ལ་རྨས་སྐྱོན་ཕོག་འདུག

སྤྱིར་རྒྱ་ནག་ནི་ཨོ་གླིང་རྒྱལ་ཁབ་ཀྱི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་ཡིན་ཞིང་། རྒྱ་ནག་གིས་ཨོ་གླིང་ནས་སྐམཤ་དང་ཕག་ཤདཀར་ཆུའི་ཐོན་སྐྱེད། གཏེར་རྫས་སོགས་ཨ་སྒོར་དུང་ཕྱུར་མང་པོའི་དངོས་ཟོག་ནང་འདྲེན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཐེ་གཏོགས་དང་རྒྱལ་ཁབ་དེར་གསང་ཉུལ་འགྲེམ་འཇོག ད་ལོ་རྒྱ་ནག་ནས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་སྟེ་ཨོ་གླིང་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངསལ་ཞིབ་འཇུག་བྱ་དགོས། དེང་སྐབས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་པའི་ལན་ཁག་རྒྱ་ནག་ལ་ཡོད་ཅེས་སྐྱོན་བརྗོད་བྱས་ནས་བཟུང་། རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ནས་སྐམ་ཤ་ནང་འདྲེན་བྱ་རྒྱུ་མཚམས་བཞག་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། ཁ་སྔོན་ཕྱི་ཟླ་དང་པོའི་ནང་དུ་ཨོ་གླིང་གི་རྒྱལ་ཡོངས་ནགས་ཚལ་ཁག་ལ་མེ་སྐྱོན་བྱུང་སྟེ་སྲིད་བློན་མོ་རཱི་སན་རྒྱ་གར་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འཐེན་བྱ་དགོས་བྱུང་ཡོད། དེ་ནས་ཏོག་དབྱིབས་རིམས་ནད་ཁྱབ་ནས་སྲིད་བློན་མོ་རཱི་སན་རྒྱ་གར་ལ་འཚམས་འདྲིར་ཕེབས་ཐུབ་མེད་པས་ཕྱི་ཟླ་༦་པའི་ཚེས་༤་ཉིན་རྒྱ་གར་དང་ཨོ་གླིང་རྒྱལ་ཁབ་ཀྱི་སིད་བློན་རྣམ་གཉིས་དྲྭ་ལམ་དུ་ཐུག་འཕྲད་གྲོས་མོལ་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་དེར་མིང་རྟགས་བཀོད། ༢༠༢༠་ལོའིཨ་རི་དང་རྒྱ་གར། ཉི་ཧོང་གསུམ་གྱི་མཉམ་འབྲེལ་དམག་སྦྱོང་་ཨོ་གླིང་རྒྱལ་ཁབ་མཉམ་ཞུགས་བྱ་རྒྱུ་ཡིན་མིན་གསལ་པོ་མེད་ཀྱང་༢༠༠༧་ལོར་ཨོ་གླིང་རྒྱལ་ཁབ་དམག་སྦྱོང་དེར་མཉམ་ཞུགས་བྱས་པར་རྒྱ་ནག་གིས་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།།

XS
SM
MD
LG