ངོ་འཕྲད་བདེ་བའི་དྲ་འབྲེལ།

འདམ་གཞུང་རྫོང་དུ་གཏེར་ཁ་སྔོག་སྟེ་ཁོར་ཡུག་ལ་གཏོར་བཤིག


༄༅།། རྒྱ་ནག་གཞུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཆད་དུ་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ནན་པོ་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན་ཡོད། དེ་ནི་སྤྱི་ཁྱབ་དྲུང་ཆེ་ཞིས་ཅིན་ཕིང་གི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་བས་ཀྱང་གཙིགས་སུ་བཟུང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ། རི་སྔོ་ཆུ་དྭངས་རྣམས་གསེར་དངུལ་ལས་ལྷག་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་བཟུང་སྟེ་གངས་ལྗོངས་ས་མཐོའི་རྩི་ཤིང་དང་རི་ཆུ་སྲུང་སྐྱོབ་ནན་ཏན་བྱ་དགོས། བོད་ཀྱི་རི་སྔོ་གཏན་དུ་གནས་པ་དང་ཆུ་དྭངས་ཀྱི་རྒྱུན་མི་ཆད་པ། མཁའ་རླུང་ནམ་ཡང་འབག་བཙོག་མི་བྱེད་ཅེས་བསྒྲགས་ཡོད་པ་རེད།།

བོད་ནང་གི་མིང་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གསར་འགྱུར་མཁོ་སྤྲོད་བྱས་པ་ལྟར་ན། ནག་ཆུ་དང་ལྷ་ས་གཉིས་ཀྱི་བར་ཏུ་ཆགས་པའི་འདམ་གཞུང་རྫོང་དུ་རྡོ་དང་བྱེ་སག་གི་གཏེར་ཁ་ཕོན་ཆེན་ཞིག་བླངས་དང་ལེན་བཞིན་པའི་སྒང་ཡིན་པར་མ་ཟད། དམིག་བསལ་ལོ་འདིར་རྡོ་རིན་ཧ་ཅང་ཆེན་པོ་འཕར་ཡོད་ཅིང་། གཏེར་ཁ་སྔོག་ཡུལ་དེ་གཉན་ཆེན་ཐང་ལྷ་ཞེས་བའི་གནས་རི་དེའི་མདུན་ཕྱོགས་ཏག་ཏག་ལ་ཁེལ་འདུག ས་གནས་དེར་རྒྱ་གཞུང་གིས་རྡོ་དང་བྱེ་སག་སྔོག་འདོན་གྱིས་གཞུང་ལམ་དང་ཟམ་པ་གསར་པ་འཛུགས་སྐྲུན་བྱས་ནས་ས་གནས་ཡུལ་མི་བོད་པ་མང་ཚོགས་ལ་གུན་གསབ་ཀྱི་དངུལ་སྒོར་སྤྲོད་ཀྱི་ཡོད་མེད་གསལ་པོར་ཤེས་ཀྱི་མི་འདུག

གཏེར་ཁ་སྔོག་འདོན་གྱི་ལས་གྲྭ་ནི་ཧ་ཅང་གི་རྒྱ་ཆེན་པོ་རེད། ས་གནས་དེ་ལུང་ཁུག་རྒྱ་ཆེན་པོ་ཞིག་ཡིན་པས་མི་མང་ཀྱི་སྡོད་གནས་དང་གཏེར་ཁ་སྔོག་ཡུལ་བར་དུ་རྒྱང་ཐག་རིང་ཙམ་ཡོད་ས་ཞིག་རེད་ཅེས་བརྗོད་བྱུང་། འདི་དང་དུས་མཚུངས་སུ་འདི་གར་བརྙན་ཐུང་དང་འདྲ་པར་བཏང་འབྱོར་བྱུང་བར་བལྟས་ན་གཏེར་ཁ་སྔོག་བཞིན་པའི་རྣམ་པ་དང་ས་གནས་དེའི་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པ་སོགས་གསལ་པོར་མཐོང་ཐུབ་ཀྱི་ཡོད་པའི་སྐོར། བལ་ཡུལནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG