ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་སློབ་ཕྲུག་ས་ཡ་༣༠་ལྷག་ལ་སློབ་གྲྭ་སྒོ་བརྒྱབ།


༄༅།། གཟའ་མཇུག་དེར་ཨ་མི་རི་ཀ་བ་རྣམས་རང་ཁྱིམ་དུ་འཛུལ་ནས་ཁྱིམ་མཚེས་དང་གྲོགས་པོ་སོགས་ལ་ཐུག་འཕྲད་བྱ་རྒྱུ་འཛེམ་ཟོན། ཡེ་ཤུའི་ཆོས་དད་པ་རྣམས་གཟའ་ཉི་མར་ལྷ་ཁང་ཁག་ལ་མཉམ་དུ་འདུས་ནས་སྨན་ལམ་གསུང་འདོན་གྱི་ཆོས་ལུགས་བྱེད་སྒོ་སོགས་སྤེལ་མེད་ཀྱང་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་ནི་ཆུང་དུ་གཏོང་ཐུབ་མེད་པ་སྟེ། གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་སློབ་ཕྲུག་ས་ཡ་༣༠་ལྷག་ལ་ཏོག་དབྱིབས་རིམས་ནད་འགོ་སྲིད་པ་སྔོན་འགོག་ཆེད་དུསློབ་གྲྭ་ཁག་སྒོ་བརྒྱབ་ནས་འཛིན་གྲྭ་འཚོགས་ཐུབ་ཀྱི་ཡོད་མེད་ཅིང་དཔེར་ན་ཨ་མི་རི་ཀའི་མངའ་སྡེ་༣༡་དང་གྲོང་ཁྱེར་ཆེན་པོ་ནེའུ་ཡོཀ ལོ་སི་ཨན་ཇཱི་ལི་སི་སོགས་ཀྱིས་ཕྱི་ཟླ་༤་པའི་ཚེས་ཤར་རམ། ཡང་ན་ཕྱི་ཟླ་༤་པའི་ཟླ་དཀྱིལ་བར་དུ་སློབ་གྲྭ་ཁག་སྒོ་བརྒྱབ། ཨ་རིའི་སློབ་ཆེན་ཁག་གིས་ཀྱང་སློབ་ཕྲུག་དང་དགེ་རྒན་རྣམས་འཛིན་གྲྭར་མཉམ་འཚོགས་མི་དགོས་པར་དྲྭ་ལམ་དུ་སློབ་ཁྲིད་བྱ་རྒྱུ་འགོ་ཚུགས། ཨ་རིའི་རྒྱལ་ཡོངས་སུ་ཟ་ཁང་མང་དག་ཅིག་གིས་འགྲུལ་པ་རྣམས་ཟ་ཁང་ནང་ལ་ཡོང་མི་དགོས་པར་སྒེའུ་ཁུང་ནང་ནས་བཟའ་བཏུང་ཉོ་ཚོང་བྱེད་ཆོག་པའི་ཐབས་ཇུས་བསྟེན། ད་དུང་བྱིས་པའི་རྩེད་གླིང་ཁག་དང་མི་ཚོགས་འདུ་ས་ཁག་སྒོ་བརྒྱབ། ཧྥ་ལོ་ར་ཌ་མངའ་སྡེའི་གཞུང་གིས་སྤྱི་དམངས་ལ་མཚོ་འགྲམ་ཁག་ཅིག་ཀྱང་སྒོ་རྒྱག་རྒྱུའི་ཐག་བཅད།

ཕྱི་ཟླ་༣་པའི་ཚེས་༡༦་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༣༧༧༤་ཡོད་པ་དང་མི་༦༧་ལ་འཆི་སྐྱོན་བྱུང་ཨ་མི་རི་ཀར་མངའ་སྡེའི་༥༠་ཐམ་པ་ཡོད་པ་དེའི་ཁོངས་ནས་མངའ་སྡེ་༤༩་ལ་ཏོག་དབྱིབས་རིམས་ནད་ཁྱབ། ད་སྔ་ནུབ་ཝྭིར་ཇཱི་ཎི་ཡ་མངའ་སྡེ་གཅིག་པུར་ཏོག་དབྱིབས་རིམས་ནད་ཁྱབ་ཡོད་པའི་གནས་ཚུལ་ཐོན་མེད། འོན་ཀྱང་སྔ་གཞུག་མ་གཏོགས་མངའ་སྡེ་དེ་ལའང་ཏོག་དབྱིབས་རིམས་ནད་ཁྱབ་སྲིད་པའི་ཉེན་ཁ་ཆེཨ་རིའི་གཞུང་གི་འཕྲོད་བསྟེན་ལས་སྣེ་ཚོས་མི་དམངས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་རྒྱ་ཆེན་པོ་ཞིག་བྱེད་ཐུབ་མེད། ཨ་རིའི་མི་དམངས་ལ་བརྟག་དཔྱད་བྱ་རྒྱུ་མང་དུ་བཏང་ན་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་རྒྱུ་ཉག་ཅིག་རེད། དེར་བརྟེན་ཨ་མི་རི་ཀ་བ་ཚོས་རང་གི་ལས་དོན་སྒྲུབ་ཕྱོགས་དང་བཟའ་བཏུང་ལ་རོལ་སྟངས། སློབ་སྦྱོང་བྱེད་སྟངས་དང་སྤྱི་ཚོགས་ཀྱི་འབྲེལ་བ་འཛིན་སྟངས་བཅས་ཀྱི་གོམས་གཤིས་ལ་འགྱུར་བ་བཏང་ནས་ཚབས་ཆེའི་རིམས་ནདའདིར་ྱོལ་ཐབས་བྱ་དགོས་ཞེས་ལམ་སྟོན་བྱེད་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀའི་ཨི་ལི་ནོ་ཡེ་སི་དང་ཨོ་ཧ་ཡེ་འོ། མེ་སེ་ཆུ་སེ་ཊི་སི་སོགས་མངའ་སྡེ་དང་གྲོང་ཁྱེར་མང་པོ་ཞིག་གིས་ཆང་ཁང་དང་བཟའ་ཁང་ཁག་གི་ཉིན་རེའི་སྒོ་འབྱེདདུས་ཡུན་ལའང་ཚོད་འཛིན་བྱ་དགོས་པའི་ཁྲིམས་ཤིག་ལག་ལེན་བསྟར་རྒྱུ་མགོ་བརྩམས། ཨི་ལི་ནོ་ཡེ་སི་མངའ་སྡེའི་གཞུང་གིས་རང་གི་མངའ་ཁུལ་གྱི་ཆང་ཁང་དང་ཟ་ཁང་རྣམས་དོ་དགོང་ནས་ཕྱི་ཟླ་༣་པའི་ཚེས་༣༠་བར་དུ་སྒོ་རྒྱག་དགོས་པའི་ཁྱབ་བསྒྲགས་བྱས་འདུག ཝ་ཤིང་ཊོན་མངའ་སྡེའི་གཞུང་གིས་ཀྱང་ཟ་ཁང་དང་ཆང་ཁང་རྣམས་སྒོ་བརྒྱབ་སྟེ་མི་༥༠་ལས་མང་བ་མཉམ་འཛོམས་བྱེད་མི་ཆོག་པའི་བཀའ་བསྒྲགས། ཁ་སང་གཟའ་ཉི་མ་ནས་མེ་སེ་ཆུ་སེ་ཊི་མངའ་སྡེ་གཞུང་གིས་རང་གི་མངའ་ཁོངས་སུ་མི་༢༥་ལས་མང་བ་མཉམ་དུ་འདུ་མི་ཆོག་ཅེས་ཐག་བཅད། དེའི་སྔོན་ལ་མངའ་སྡེའི་ས་གནས་ཁག་ཏུ་མི་༢༥༠་རེ་མཉམ་འཛོམས་བྱེད་ཆོག་གི་ཡོད་པ་རེད།

གནམ་ཐང་དུ་ཚ་བ་ལ་བརྟག་པར་སྒུག་ནས་སྡོད་པ།
གནམ་ཐང་དུ་ཚ་བ་ལ་བརྟག་པར་སྒུག་ནས་སྡོད་པ།

ཁ་སྔོན་གཟའ་པ་སངས་ཀྱི་མཚན་གུང་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་༢༦་ལ་འགྲིམ་འགྲུལ་བཀག གཟའ་མཇུག་དེར་དབྱིན་ཇི་དང་ཨར་ལན་ཌི་གཉིས་ཀྱང་ཨ་མི་རི་ཀའི་འགྲིམ་འགྲུལ་བཀག་སྡོམ་གྱི་ཐོ་གཞུང་དུ་བཀོདདེས་ན་ཨ་རིའི་ནེའུ་ཡོཀ་དང་ཊེཀ་སེ་སི། ཆི་ཁ་གྷོ་སོགས་གནམ་ཐང་ཆེ་ཁག་ཏུ་ཕྱི་རྒྱལ་ནས་རང་ཡུལ་ལ་ཕྱིར་ལོག་བྱེད་མཁན་ཨ་མི་རི་ཀ་བ་ཚོར་ཚ་བ་འཕར་ཡོད་མེད་བརྟག་དཔྱད་བྱས་ནས་དུས་ཡུན་ཆུ་ཚོད་མང་པོ་འགོར། ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གི་ལས་སྣེ་ཚོས་ཡུ་རོབ་རྒྱལ་ཁབ་ཁག་ལ་འགྲིམ་འགྲུལ་བཀག་ཀྱང་ཨ་མི་རི་ཀ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་ཆོག ཁོ་ཚོར་ངེས་པར་ཨ་རིའི་གཞུང་གིས་གཏན་འབེབས་བྱས་པའི་གནམ་ཐང་ཁག་ཏུ་ཚ་བ་དང་ནད་རྟགས་ཡོད་མེད་བརྟག་དཔྱད་བྱ་དགོས། ཡུ་རོབ་རྒྱལ་ཁབ་ཁག་ནས་ཨ་མི་རི་ཀར་ཕྱིར་ལོག་བྱེད་མཁན་རྣམས་གནམ་ཐང་༡༣་གྱི་གང་རུང་ཞིག་བརྒྱུད་ནས་རང་ཡུལ་ལ་ཡོང་དགོས། འོན་ཀྱང་གཟའ་མཇུག་དེར་ཆི་ཁ་གྷོའི་ཨོ་ཧེར་རྒྱལ་སྤྱིའི་གནམ་ཐང་གཙོ་བོར་གྱུར་པའི་གནམ་ཐང་ཁག་ཏུ་ཨ་རི་བ་ཚོར་ཚ་བ་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དེར་ཆུ་ཚོད་མང་པོ་འགོར་པ་འགྲིག་མི་འདུག ཕྱི་རྒྱལ་ནས་རང་ཡུལ་དུ་ལོག་པའི་ཨ་རི་བ་ཚོར་ནད་རྟགས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག ཨ་རིའི་གནམ་ཐང་ཁག་གི་འགག་སྒོའི་ལས་སྣེ་ཚོས་མི་བརྒྱ་ཕྲག་མང་པོ་སྡེབ་ཏུ་རང་ཡུལ་ལ་ཕྱིར་ལོག་བྱས་པ་དང་འགྲུལ་པ་ཐམས་ཅད་ལ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱ་དགོས་པའི་གནས་ཚུལ་འདི་འདྲ་ཞིག་སྔོན་ཆད་བྱུང་མྱོང་མེད་ཅེས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་འདུག

ད་སྔ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་ཡུལ་ཚབས་ཆེ་ཤོས་ཁག་ནི་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ཝ་ཤིང་ཊོན་དང་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེ། ནེའུ་ཡོཀ་དང་མེ་སེ་ཆུ་སེ་ཊི་སི་རྣམས་ཡིན་ཞིང་། ཨོ་ཧ་ཡེ་འོ་མངའ་སྡེའི་སྤྱི་ཁྱབ་ཀྱིས་རང་གི་མངའ་ཁོངས་སུ་ཉུང་མཐར་ཡང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་འབུམ་གཅིག་ཡས་མས་ཤིག་ཡོད་སྲིད་པའི་བློ་འཚབ་ཡོད་ཅེས་གླེང་ནེའུ་ཡོཀ་མངའ་སྡེའི་སྤྱི་ཁྱབ་ཀྱིས་ང་ཚོའི་མངའ་ཁུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རྣམས་རྒྱུན་ཆད་མེད་པར་མཚོ་རླབས་ལྟར་ཇེ་མང་དུ་སོང་ན་སྨན་ཁང་ཁག་ལ་སྨན་བཅོས་ཀྱི་མཐུན་རྐྱེན་འདང་ངེས་མེད་པར་ཆག་སྒོ་ཆེན་པོ་འབྱུང་ཉེན་འདུག་ཅེས་ཉེན་བརྡ་བཏང་འདུག ཨ་རིའི་གཞུང་གིས་ཕྱོགས་གཅིག་ནས་རང་ཡུལ་གྱི་མི་དམངས་རྣམས་རང་ཁྱིམ་ལ་འཛུལ་དགོས་ཞེས་འདུ་འཛོམས་དང་ཚོང་ལས་སོགས་བཀག་ནས་རིམས་ནད་འགོག་ཐབས་བྱེད་ཀྱི་ཡོད་ཅིང་། ཕྱོགས་གཞན་དེར་ཨ་རིའི་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཁག་དང་ཨེ་ཤི་ཡའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཆེ་བའི་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་ཨ་མི་རི་ཀར་ཡོང་མི་ཆོག་ཅེས་ཕྱི་ནང་གཉིས་སུབཀག་སྡོམ་བྱས་ནས་རིམས་ནད་འགོག་ཐབས་སུ་འབད། ཉམས་ཞིབ་པ་ཚོས་ཨ་རིའི་གཞུང་གིས་ཕྱི་རྒྱལ་ལ་འགྲིམ་འགྲུལ་བཀག་པར་དགེ་མཚན་མེད། ཨ་རིའི་རྒྱལ་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་ཟིན་པ་ཚོར་འཕྲལ་དུ་བརྟག་དཔྱད་བྱས་ནས་ནད་པ་རྣམས་ངོ་ཐག་གཅོད་དགོས། ཁོ་ཚོར་ནད་སྨན་བཅོས་བྱ་རྒྱུ་དེར་ཤུགས་སྣོན་རྒྱག་དགོས་ཞེས་བསྐུལ༢༠༡༦་ལོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་སྔོན་ཆད་སྲིད་འཛིན་ཨོ་བྷ་མའི་དུས་སུ་ནད་ཡམས་སྔོན་འགོག་གི་ཆེད་ལས་མཁས་པའི་ཚོགས་ཆུང་ཞིག་བཙུགས་ཡོད་པ་གཏོར་ནས་འགྲོ་གྲོན་བཅད་པར་བརྟེན། ད་ལྟ་འཕྲལ་དུ་ཚོགས་ཆུང་དེ་འདྲ་ཞིག་བསྐྱར་འཛུགས་བྱས་ནས་རིམས་ནད་བཀག་སྡོམ་གྱི་ལས་དོན་ནུས་པ་ཐོན་པ་ཞིག་སྒྲུབ་ཐུབ་ཀྱི་མི་འདུག་ཅེས་སྐྱོན་བརྗོད་འཕོག དེ་རིང་གཟའ་ཟླ་བའི་མཚམས་སུ་འཛམ་གླིང་ཀུན་ཏུ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་༡༦༢༦༠༠་ལྷག་ཡོད་པ་དང་མི་༥༨༠༠་ལྷག་ལ་འཆི་སྐྱོན་བྱུང་ཡོད་པ་རེད།།

XS
SM
MD
LG