ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨི་ཊི་ལི་རྒྱལ་ཡོངས་སུ་འགྲིམ་འགྲུལ་སོགས་བཀག་སྡོམ།


༄༅།། ཨི་ཊི་ལིའི་གཞུང་གིས་ནད་རིམས་དེ་ཁྱབ་གདལ་མུ་མཐུད་དེ་འགྲོ་བཞིན་པ་འགོག་ཐབས་སུ་རྒྱལ་ཁབ་དེའི་བཟོ་གྲྭ་ཁག་དང་ཟ་ཁང་། ཚོང་ལས་ཁང་དང་མི་དམངས་འདུ་འཛོམས་མང་ཆེ་བ་བཀག་སྡོམ་བྱ་དགོས་བྱུང་ཡོད་པའི་རྐྱེན་གྱིས་ཨི་ཊི་ལིའི་དཔལ་འབྱོར་ལ་གནོད་སྐྱོན་དང་དོ་ཕོག་བསམ་བརྗོད་ལས་འདས་པ་ཞིག་བྱུང་དང་འབྱུང་བཞིན་ཡོད་ཅིང་། སྲིད་བློན་ཀོན་ཐེས་དམིགས་བསལ་ཛ་དྲག་གིས་འཆར་འགོད་བྱས་ནས་རྒྱལ་ཁབ་ཀྱི་དངུལ་ཁང་ཁག་གིས་སྐྱེད་ཀ་བཅག་པའི་དངུལ་བུན་བསྐྱིས་ཏེ་དཔལ་འབྱོར་གྱི་ཛ་དྲག་གི་ལས་འཆར་ཞིག་གོ་སྒྲིག་གནང་རྒྱུའི་གསུང་བཤད་གནང་ཡོད་པའི་སྐོར། ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG