ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སོ་བ་ཆུ་མཛོད་ཀྱི་ལས་འགོ་བརྩམས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་འབྲི་ཆུའི་སྟོད་རྒྱུད་དུ་ཆུ་ཤུགས་གློག་ཁང་རིམ་པ་ཞིག་རྒྱག་བཞིན་ཡོད་པའི་གྲས་ཀྱི་ཆེས་གསར་ཤོས་དེ་སོ་བ་ཆུ་ཤུགས་གློག་ཁང་ཟེར་དེ་ཡིན་པ་དང་། བདུན་ཕྲག་སྔོན་མར་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཞིག་གིས་སོ་བ་ཆུ་ཤུགས་གློག་ཁང་གི་འཛུགས་སྐྲུན་དངོས་སུ་འགོ་ཚུགས་པ་ཞིག་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་མོད། འོན་ཀྱང་འདི་ནས་ཤེས་རྟོགས་བྱུང་བར་གཞིགས་ན་རྒྱ་ནག་གཞུང་གིས་ལོ་གཉིས་གསུམ་ཞིག་གི་གོང་ནས་ས་གནས་དེའི་མི་དམངས་རྣམས་གནས་སྤོ་བྱེད་དུ་བཅུག་སྟེ་རི་རྐོ་དོང་འབྲུ་བྱེད་འགོ་བཙུགས་ཡོད་ཅིང་། སོ་བ་ཆུ་ཤུགས་གློག་ཁང་ནི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅུག་པའི་འབའ་རྫོང་དང་བོད་རང་སྐྱོང་ལྗོངས་ཀྱི་སྨར་ཁམས་རྫོང་གི་བར་དུ་རྒྱག་གི་ཡོད་པའི་ཆུ་ཤུགས་གློག་ཁང་ཞིག་པར་བརྟེན། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ནང་དུ་བོད་ལ་རྒྱག་གི་ཡོད་པའི་ཆུ་ཤུགས་གློག་ཁང་ཆེས་ཆེ་ཤོས་དེ་ཡིན་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། ཆུ་མཛོད་དེའི་མིང་ལ་སོ་བ་ཆུ་མཛོད་ཅེས་བརྗོད་དོན་ནི་ཆུ་མཛོད་རྒྱག་ཡུལ་འབའ་རྫོང་ཁོངས་ཀྱི་སོ་བ་ལུང་པ་ཟེར་ས་དེར་ཁེལ་ཡོད་པས་ཆུ་མཛོད་ཀྱི་མིང་ཡང་དེ་ལྟར་བཏགས་ཡོད་པ་རེད།།

XS
SM
MD
LG