ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་འོག་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་མཇུག་འབྲས་ངན་པ་༢༢


རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་འོག་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་མཇུག་འབྲས་ངན་པ་༢༢
རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་འོག་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་མཇུག་འབྲས་ངན་པ་༢༢

རྒྱ་ནག་གཞུང་གིས་བོད་ནང་གི་ཞིང་འབྲོག་མང་ཚོགས་རྣམས་དབུལ་པོ་ལས་སྒྲོལ་བའི་སྲིད་ཇུས་ཏེ་དབུལ་སྒྲོལ་འགག་སྒྲོལ་ཞེས་པའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་ཞིང་པས་ཞིང་ལས་མི་བྱེད་པ་དང་འབྲོག་པས་འགྲོག་ལས་བྱེད་ཀྱི་མེད་པ་མ་ཟད་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཕྲུ་གུ་སློབ་གྲྭ་ཆེན་མོ་ཐོན་ཀྱང་སྟག་སྒོ་ཡག་པོ་མེད་ན་ལས་ཀ་རག་གི་མེད་སྟབས་སྤྲོ་སྐྱིད་ཁང་དང་རྒྱན་རྩེད་ཁང་ནང་མི་ཚེ་འཕྲོ་བརླག་འགྲོ་བཞིན་པ། མི་རྣམས་རྣམས་ཕན་ཚུན་འགྲན་སེམས་དང་ཕྲག་དོག་ཆེ་རུང་སོང་བ། རྒྱ་ནག་དབུས་གཞུང་ནས་ཁྱབ་བསྒྲགས་བྱེད་སྐབས་འདྲ་ཆགས་པོ་དང་སྙན་པོ་ཡོད་ཀྱང་གནས་ལ་བབ་ཐུབ་ཀྱི་མེད་པ་སོགས། མདོར་ན་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་འོག་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ངན་པ་མི་འདྲ་བ་༢༢ ཐེབས་ཡོད་པའི་སྐོར་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚུལ་འགྲེལ་བརྗོད་གནང་དོན་སྒྲ།། ཡང་ཞིང་འབྲོག་མང་ཚོགས་ཀྱིས་རང་གི་ཐོན་ཁུངས་རྩམ་པ་མ་ཟ་བར་སྟབས་བདེའི་ཐུག་པ་འཐུ་རྒྱུ་མང་དྲག་པས་ནད་པ་མང་དུ་སོང་བ་དང་འགོ་ཁྲིད་ཀྱིས་དྲང་པོ་བྱེད་ཀྱི་མེད་པ་གསུངས་སོང་།

བོད་ལྗོངས་སློབ་གྲྭ་ཆེན་མོའི་ཚན་རིག་སློབ་གླིང་གི་སློབ་ཕྲུག་མཐར་ཕྱིན་སློབ་མ།
བོད་ལྗོངས་སློབ་གྲྭ་ཆེན་མོའི་ཚན་རིག་སློབ་གླིང་གི་སློབ་ཕྲུག་མཐར་ཕྱིན་སློབ་མ།

ཡང་ཞིང་པའི་ས་ཁུལ་ལ་ཕྲུ་གུ་རྣམས་ཕྱི་ལ་ཡོང་འབབ་གསོག་པར་ཕྱིན་ཀྱང་ནང་དུ་བ་འཕྱུག་སོགས་ལ་བདག་སྐྱོང་བྱེད་མཁན་མེད་པར་སྤྱང་ཀི་དང་གཟིག་གིས་བཟས་ཏེ་བྱུང་སོང་འགོ་མ་ཐུག་པ་དང་གྲོང་གསེབ་ཁག་ལ་ཕྲུ་གུ་ཉུང་དུ་ཕྱིན་ཏེ་ས་ཞིང་འདེབས་ལས་བྱེད་མཁན་མེད་པར་བདག་མེད་དུ་ལུས་པ་དང་རྒན་ཁོགས་རྣམས་གནས་བཟོད་བདེ་པོ་མེད་པ་གསུངས་སོང་།

གཞན་ཡང་ཕྲུ་གུས་ཕ་མའི་བསླབ་བྱ་ལ་མི་ཉན་པ་དང་ཁྱིམ་དུ་མ་སྡོད་པར་ས་གནས་གཞན་ལ་ཁང་པ་བསླས་ནས་སྡོད་པ་པ་དང་སྟབས་བདེ་ཐུག་པ་དང་། ཐ་མག ཆུ་མངར་མོ། སྦི་རག་བཅས་ཡུན་རིང་བསྟེན་དྲག་པ་དང་རང་སྣང་གང་དྲན་གྱི་འཚོ་བ་སྐྱེལ་བ། དུས་ཐོག་གཉིད་མི་ཉལ་བ་དང་ཕན་ནུས་ཅན་གྱི་ཁ་ལག་མ་རག་པ་བཅས་ལ་རྟེན་ནས་བཅོས་ཐབས་མེད་པའི་ནད་རིགས་དང་སྐྲན་ནད་ཕོག་མཁན་མང་བ། རྒན་ཡོལ་བཏང་བའི་ལས་བྱེད་མང་པོས་ཟླ་བའི་གླ་ཕོགས་ཟླ་མཇུག་ཏུ་མ་གདང་བར་གང་སར་བུ་ལོན་གཡར་བཞིན་པ། དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་གནས་སྟངས་ད་དུང་ཡར་རྒྱས་མ་ཕྱིན་པར་ཧ་ཅང་ཞན་པོ་ཡོད་པ་སོགས་རྒྱ་ནག་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བོད་ཀྱི་ཞིང་འབྲོག་ཁག་ལ་ལག་བསྟར་བྱས་རྗེས་གྱི་འབྲས་བུ་ངན་པ་༢༢ ཐོན་ཡོད་པ་ངོ་སྤྲོད་གནང་སོང་།

འབྲི་གཡག་འཐེན་བཞིན་ཡོད།
འབྲི་གཡག་འཐེན་བཞིན་ཡོད།

སྤྱིར་དབུལ་སྒྲོལ་འགག་སྒྲོལ་ཞེས་པའི་སྲིད་ཇུས་དེ་ནི་ཕྱི་ལོ་༢༠༢༠ ལོར་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་བཅོ་བརྒྱད་པ་ཟེར་བ་ཚོགས་པའི་སྐབས་ཐོག་གཏན་འབེབ་བྱས་རྗེས་ལག་བསྟར་བྱས་པ་ཞིག་ཡིན་པ་དང་དེའི་ནང་དོན་ནི་དབུལ་པོ་རྣམས་དབུལ་པོའི་འཚོ་བ་ནས་སྒྲོལ་ཏེ་འབྱོར་བ་འབྲིང་གི་འཚོ་བ་སྐྱེལ་ཐུབ་རྒྱུའི་ཆེད་ཡིན་ཞེས་བརྗོད་ཀྱི་ཡོད་པ་དང་སྲིད་ཇུས་དེ་༢༠༢༠ ནས་༢༠༣༠ བར་ལོ་ངོ་བཅུ་རིང་ལག་བསྟར་བྱེད་ཀྱི་ཡོད་པ་དང་སྲིད་ཇུས་དེ་བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་ལག་བསྟར་བྱས་པའི་ཁྲོད་བོད་ཀྱི་འབྲོག་པ་རྣམས་བཙན་དབང་གིས་འབྲོག་པའི་འཚོ་བ་དོར་བཅུག་ཏེ་གྲོང་བརྡལ་ཅན་དུ་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་འབྲོག་པ་རྣམས་གྲོང་བརྡལ་དུ་འཚོ་བ་སྐྱེལ་བའི་ཉམས་མྱོང་དང་ཤེས་ཡོན་སོགས་གང་ཡང་མེད་པར་འཚོ་བའི་ཐད་དཀའ་ངལ་ཆེན་པོ་ཕྲད་བཞིན་ཡོད་པ་དང་ཞིང་པ་རྣམས་ཀྱང་ཞིང་ལས་ལ་དོ་སྣང་ཆུང་དུ་སོང་བ་སོགས་ཀྱི་གནས་ཚུལ་ཐོན་བཞིན་པ་བཅས་བོད་ཀྱི་ཞིང་འབྲོག་འཚོ་བར་གཏོར་བཤིག་ཚབ་ཆེན་ཐེབས་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG