ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྐལ་བཟང་ཕྱོགས་གླང་ལགས་ལ་མི་ལོ་༡༡་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ།


བོད་ནང་གི་འབྲུ་རུ་སྟར་མོས་དགོན་པའི་གྲ་སྐལ་བཟང་ཕྱོགས་གླང་ལགས་སུ་རྒྱ་གཞུང་གི་ཉེས་མེད་ཉེས་འགལ་འོག་མི་ལོ་༡༡་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་ད་ལྟ་ལྷ་ས་གྲ་བཞི་བཙོན་ཁང་དུ་ཡོད་པའི་སྐོར་གྱི་གནས་ཚུལ་གཤམ་ལ་སྙན་སྒྲོན་ཞུ་རྒྱུ་ཡིན།

དེ་སྔ་ཕྱི་ལོ་ཉིས་སྟོང་༡༣་ལོའི་སྤྱི་ཟླ་༡༡་པའི་ཚེས་༢༣་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཁམས་འབྲུ་རུ་སྟར་མོས་དགོན་པའི་དགེ་འདུན་པ་སྐལ་བཟང་ཕྱོགས་གླང་ལགས་འཛིན་བཟུང་བྱས་བ་ནས་ད་བར་དུ་ཁོང་གིས་སྐོར་གྱི་གནས་ཚུལ་ཅི་ཡང་འབྱོར་མེད་པ་དང་ད་ལྟ་གསར་ཏུ་མིང་བརྗོད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་་་་་་སྒྲ་་་་་་དེ་ལྟར་ཁོང་གིས་བརྗོད་དོན་ལྟར་ན་སྟར་མོས་དགོན་པའི་གྲ་སྐལ་བཟང་ཕྱོགས་གླང་ལགས་རྒྱ་ནག་གི་དོན་མེད་འཛིན་བཟུང་བྱས་བ་ནས་མི་ལོ་༧་ཡས་མས་ཞིག་ལ་ཁོང་གི་སྐོར་གྱི་གནས་ཚུལ་ཅི་ཡང་གོ་ཐོས་མེད་པར་གྱུར་ཡོད་པ་དང་ཉིས་སྟོང་༡༩་ལོར་ཤེས་རྟོག་བྱུང་བ་ལྟར་ན་ལྷ་ས་གྲ་བཞི་བཙོན་ཁང་དུ་ཁོང་བཙོན་འཇུག་བྱས་ནས་བཞག་ཡོད་པ་དང་། ཁོང་ལ་ཉེས་མེད་ཉེས་འགལ་འོག་མི་ལོ་༡༡་རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག་ཅེས་དང་་་་་་་སྒྲ་་་་་་གནས་ཚུལ་མཁོ་སྤྲོད་པའི་མུ་འཐད་དུ་བརྗོད་དོན་ལྟར་ན་ཁོང་གིས་ནང་མིའི་ངོས་ནས་ཁྲིམས་རྩོད་པ་བཙལ་ནས་ཁྲིམས་གཏུག་གིས་གྲ་སྐལ་བཟང་ཕྱོགས་གླང་ལགས་ཉེས་མེད་ཉེས་འགལ་ཡིན་པ་ཁྲིམས་གཏུག་བྱེད་རྒྱུར་བྱས་ཀྱང་དེ་ལ་རྒྱ་གཞུང་ལས་བྱེད་པའི་སུན་གཙེར་དང་འཇིག་སྐུལ་གྱི་ཉེན་བརྡ་ཡང་ཡང་བཏང་བ་ལ་བརྟེན་ནས་ཁྲིམས་རྩོད་པ་བཙལ་མ་ཐུབ་པ་རེད། གལ་ཏེ་ཁྲིམས་རྩོད་པ་བཙལ་ནས་ཁྲིམས་གཏུག་བྱེད་རྒྱུ་ཡིན་ཚེ་ཁྲིམས་གཏུག་བྱེད་འདོད་ཡོད་མཁན་གྱི་ནང་མི་སྤུན་མཆེད་དང་ཡང་ན་གྲོགས་མཆེད་སུ་འདྲ་ཞིག་ཡོད་མེད་རྒྱབ་ལྗོངས་ཚང་མ་ཁོང་ཚོའི་རྩད་གཅོད་བྱས་དེ་སྐབས་དུས་ལ་སླེབས་ན་ཉེན་ཁ་ཆེ་རུ་འགྲོ་གི་རེད་ཅེས་སོགས་ཀྱི་འཇིག་སྐུལ་བྱས་བ་མ་ཟད་གྲ་སྐལ་བཟང་ཕྱོགས་གླང་ལགས་ཀྱི་སྐོར་ནས་གནས་ཚུལ་ཅི་ཡང་བརྒྱུད་སྒྲགས་སོགས་བྱེད་མི་ཉན་པའི་ཉེན་བརྡ་ཡང་བཏང་འདུག། ད་ལྟའི་འཆར་ཁོང་གྲ་བཞི་བཙོན་ཁང་དུ་བཅུག་ནས་བཞག་ཡོད་པ་དང་སྔ་ཕྱིར་ཐེངས་ཁ་ཤས་ལ་ནང་མིར་འཐུག་འཕྲད་བྱེད་པའི་གོ་སྐབས་བྱུང་འདུག་ཀྱང་། འདི་ལྟར་ཕར་ལྟོས་ཚོད་ལ་གྲ་སྐལ་བཟང་ཕྱོགས་གླང་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་དེ་ཙམ་ཡག་པོ་མེད་པ་དང་། ཧ་ཅང་སྐྱོ་དྲག་ནས་འགྲོ་འདུག་བྱེད་མི་ཐུབ་པའི་ཚད་ལ་ཀྱང་སླེབས་མི་འདུག་མོད་། གང་ལྟར་སྐུ་གཟུགས་གནང་སྟངས་སྐྱོ་བོ་རེད་འདུག། བཙོན་ཁང་དུ་ལས་ཀ་མང་པོ་བྱེད་དུ་བཞག་པ་དང་། ཟ་མའི་བཅུད་ཀྱི་མ་མདང་བའི་རྐྱེན་སོགས་ཡིན་ཚོད་འདུག་ཅེས་འབྲེལ་བརྗོད་གནང་སོང་། དེ་དང་ཆབ་ཅིག་དེ་སྔ་བོད་ཕྱི་ལོགས་སུ་གྲ་སྐལ་བཟང་ཕྱོགས་གླང་ལགས་ཀྱི་སྐོར་ལ་གནས་ཚུལ་འབྱོར་བ་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་དྲ་བའི་སྟེང་བཀོད་པ་ལྟར་ན་། ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༢༣ ཉིན་རྒྱ་དམར་གྱི་དྲག་པོའི་བཙན་གནོན་འོག་ལྟར་མོས་དགོན་པ་སྒོ་བརྒྱབ་པ་དང་། ལྷ་ས་ནས་ངག་དབང་འཇམ་དབྱངས་ལགས་དང་། ལྟར་མོས་དགོན་གྱི་གྲྭ་སྐལ་བཟང་ཕྱོགས་གླང་རྣམ་པ་གཉིས་འཛིན་བཟུང་བྱས་འདུག ལྟར་མོས་དགོན་དུ་རྒྱ་དམག་ཕོན་ཆེན་འབྱོར་ནས་དགོན་པའི་ནང་ཀུན་བསྔོགས་པ་དང་ལྷག་པར་དུ་ངག་དབང་འཇམ་དབྱངས་ལགས་ཀྱི་གཟིམ་ཁང་ལ་སྔོག་བཤེར་བྱས་ནས་གློག་ཀླད་གཉིས་འཕྲོག་ཡོད་འདུག །རྒྱ་དམར་གྱིས་མནར་གཅོད་དྲག་པོའི་འོག་ལོ་དེའི་སྤྱི་ཟླ་༡༢་བའི་ཕྱི་ཚེས་ ༡༧ ཉིན་ངག་དབང་འཇམ་དབྱངས་ལགས་རྐྱེན་ལམ་དུ་བཏང་ནས་ཕུང་པོ་ནང་མི་ལ་ཕྱིར་སྤྲད་འདུག ། སྐལ་བཟང་ཕྱོགས་གླང་གི་གནས་ཚུལ་ག་འདྲ་ཡིན་མིན་ད་ལྟ་སུ་གང་གིས་ཤེས་རྟོགས་བྱུང་མེད་བཅས་མཁོད་འདུག།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG