ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྔ་ལོ་གྷལ་ཝན་ལུང་གཤོང་དུ་རྒྱ་དམག་༤་ལ་འཆི་སྐྱོན་བྱུང་སོང་ཟེར།


༄༅།། རྒྱ་ནག་གཞུང་གིས་༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་རྒྱ་གར་གྱི་ས་མཚམས་དམག་མིར་ལག་འཛིང་བྱུང་བའི་སྐབས་སུ་རྒྱ་ནག་གི་དམག་མི་བཞི་ལ་འཆི་སྐྱོན་བྱུང་ལུགས་ཐེངས་དང་པོར་ཕྱིར་བསྒྲགས་བྱས་ཡོད་ཅིང་། སྐབས་དེར་རྒྱ་གར་གྱི་དམག་མི་༢༠་ཐམ་པར་འཆི་སྐྱོན་བྱུང་བ་འཕྲལ་དུ་གསལ་བསྒྲགས་བྱས་ཀྱང་རྒྱ་ནག་གིས་ཟླ་བ་བརྒྱད་ཀྱི་རྗེས་སུ་གཞི་ནས་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་འདུག འོན་ཀྱང་རྒྱ་གར་དང་ཨ་རིའི་གསང་བའི་ལས་ཁུངས་སོགས་ཀྱིས་ན་ནིང་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་བྱུང་བའི་དམར་འཛིང་གི་དུས་སུ་རྒྱ་ནག་གི་དམག་མི་༣༠་ནས་༤༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་འདུག་ཅེས་གནས་ཚུལ་མ་འདྲ་བ་ཞིག་སྤེལ་ཡོད་པ་སོགས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG