ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

ནད་ཡམས་ཀྱིས་བོད་པའི་དགེ་བཤེས་མའི་རྒྱུགས་སྤྲོད་ལ་བར་ཆད།


༄༅།། དེང་སྐབས་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་རྐྱེན་གྱིས་རྒྱ་བལ་གཉིས་སུ་གཞུང་ཆེན་གྱི་བསླབ་པ་མཐར་སོན་པའི་བཙུན་མ་ཚོ་ལོ་འདིར་དགེ་བཤེས་མའི་རྒྱུགས་སྤྲོད་ལ་ཞུགས་ཐུབ་ཀྱི་མེད་ཅིང་། འདི་གའི་གསར་འགོད་པས་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ངག་དབང་བསྟན་འཛིན་ལ་སྔ་ལོ་དང་ད་ལོ་གཉིས་ཀར་དགེ་བཤེས་མའི་རྒྱུགས་སྤྲོད་བྱས་ཐུབ་མེད་པའི་དཀའ་ངལ་སོགས་ལ་བཅར་འདྲི་ཞུས། ཁོང་གིས་ཏོག་དབྱིབས་ནད་དུག་སྐབས་སུ་དགེ་བཤེས་མའི་རྒྱུགས་བཞེས་མཁན་དང་རྒྱུགས་སྤྲོད་མཁན་རྣམས་བལ་ཡུལ་དང་ལྷོ་ཕྱོགས་སོགས་ནས་ཕེབས་དགོས། མི་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཅིག་ལས་བརྒྱབ་མེད་པས་རྒྱ་གར་གྱི་ཁྲིམས་ལ་བསྟུན་དགོས་པར་མ་ཟད། ང་ཚོས་འགན་ལེན་བྱེད་དགོས་པ་སོགས་ཀྱིས་རྒྱུགས་ལེན་ཐུབ་ཀྱི་མི་འདུག དྲྭ་ལམ་དུ་རྒྱུགས་སྤྲོད་རྒྱུགས་ལེན་བྱེད་ན་དགེ་བཤེས་མའི་རྒྱུགས་སྤྲོད་ཚད་ལྡན་ཞིག་ཡོང་གི་མེད་པ་དང་དགེ་བཤེས་མའི་མཚན་སྙན་ལ་གནོད་ཀྱི་འདུག དེར་བརྟེན་ལོ་འདིར་རྒྱུགས་སྤྲོད་རྒྱུགས་ལེན་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན་ཞེས་བཀྲལ།།

གཞན་ཡང་དགེ་བཤེས་མའི་རྒྱུགས་སྤྲོད་ལ་ཞུགས་མཁན་རྡ་སའི་དགའ་ལྡན་ཆོས་གླིང་གི་བཙུན་མ་བློ་བཟང་བྱང་ཆུབ་ཀྱིས་རྒྱུགས་སྤྲོད་ཐུབ་ཀྱི་ཡོད་པར་བློ་ཕམ་བྱུང་སོང་། སློབ་སྦྱོང་གི་གོ་སྐབས་མང་པོ་ཞིག་འགག་འགྲོ་ཡི་ཡོད་འདུག ད་དུང་མུ་མཐུད་དུ་འགག་ན་བཙུན་དགོན་ཁག་གི་དགེ་བཤེས་མའི་ལོ་རིམ་དང་པོར་དཀའ་ངལ་འཕྲད་སྲིད་ཅེས་འགྲེལ་བརྗོད་གནང་འདུག དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོས་ཐེངས་ལྔ་པའི་དགེ་བཤེས་མའི་རྒྱུགས་སྤྲོད་ལ་མཉམ་ཞུགས་གནང་མཁན་བལ་ཡུལ་གྱི་ཀོ་པན་དགོན་པ་དང་ལྷོ་ཕྱོགས་ཀྱི་བྱང་ཆུབ་ཆོས་གླིང་། རྡ་སའི་འཇམ་དབྱངས་ཆོས་གླིང་དང་དགའ་ལྡན་ཆོས་གླིང་། སྒྲོལ་མ་གླིང་བཅས་བཙུན་དགོན་ཁག་ལྔའི་བཙུན་མ་༤༥་ལྷག་ཡོད་ཅེས་བསྟན་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG