ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ཀྱི་ཕོ་མོའི་ཆཊ་སྲེད་རྩུབ་སྤྱོད་བཀག་འགོག་ཚོཊ་ཆུང་།


༄༅།། བཀའ་ཤག་སྐབས་༡༣་པའི་དུས་སུ་བུད་མེད་ནུས་སྟོབས་གོང་འཕེལ་ཀྱི་སྲིད་ཇུས་གཏན་འབེབས་བྱུང་ཞིང་། བཀའ་ཤག་སྐབས་༡༥་པའི་དུས་སུ་སྲིད་ཇུས་དེར་བསྐྱར་ཞིབ་ཀྱིས་དོན་ཚན་བདུན་པའི་ནང་དུ་བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་འཕོག་གི་ཡོད་པ་རྣམས་འགོག་ཐབས་ཀྱི་ལས་གཞི་རྒྱ་ཆེ་རུ་བཏང་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་ཚན་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རྩུབ་སྤྱོད་འགོག་ཐབས་ཀྱི་ལམ་སྟོན་ཡིག་ཆ་དང་རོགས་རམ་འབྲེལ་མཐུད་པའི་མཐུན་རྐྱེན་སྦྱོར་གྱི་ཡོད་པར་མ་ཟད། ཉེ་ཆར་ཀུ་ལུ་དང་མ་ན་ལི་ས་གནས་སུ་ཕོ་མོའི་ཆགས་སྲེད་རྩུབ་སྤྱོད་འགོག་ཐབས་ཀྱི་ལས་དོན་ཚོགས་ཆུང་ཐེངས་དང་པོ་བཙུགས་འདུག གྲོགས་མོ་ཚོགས་པ་གསར་འཛུགས་པ་བསྟན་འཛིན་དཔལ་ཡོན་གྱིས་ཕོ་མོའི་ཆགས་སྲེད་རྩུབ་སྤྱོད་འགོག་ཐབས་ཀྱི་ལས་དོན་ཚོགས་ཆུང་བཙུགས་ནས་བོད་པ་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་རེད། སྔོན་ཆད་ང་ཚོར་དེའི་ཐད་དུ་ཁྲིམས་དང་སྒྲིག་གཞི་དམིགས་བསལ་མེད་པས་ནང་ཁུལ་དུ་འགྲིག་ཐབས་བྱེད་ཀྱི་ཡོད་ཅིང་། ད་ལྟ་ཚོགས་ཆུང་གསར་འཛུགས་དང་ཁྲིམས་སྒྲིག་ཟབ་སྦྱོང་སྤྲོད་ཀྱི་ཡོད་པས་རྩུབ་སྤྱོད་འགོག་ཐབས་སུ་ཕན་ཐོགས་ཡོད་ངེས་རེད་ཅེས་བཤད་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG