ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་བཙན་བྱོལ་བའི་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་ཆེན་ལྔ་པ།


༄༅།། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་གྱི་ཚོགས་ཆེན་སྐབས་ལྔ་པ་མཇུག་སྒྲིལ་ཞིང་། ད་ལོའི་ཚོགས་ཆེན་ཐོག་ཏུ་རྒྱུན་ལས་གསར་འདེབས་དང་ཚོགས་ཆེན་ཐོག་ཏུ་བོད་པ་དགུན་ཚོང་གཉེར་མཁན་ཚོར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱིས་ཚོང་ལས་ལ་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་མེད་ལ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་དང་གྲོས་སྡུར་ལྷུག་པོ་བྱུང་ཡོད་པར་མ་ཟད། བོད་པའི་ཚོང་པ་ཚོར་བོད་མིའི་སྒྲིག་འཛུགས་ཀྱིས་བུན་གཡར་ལས་གཞི་གཉེར་གྱི་ཡོད་པ་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ལས་གཞི་འདི་རྒྱུན་སྐྱོང་བྱེད་ཐུབ་པའི་འབོད་སྐུལ་ཞུས། དེ་བཞིན་རྒྱ་གར་གྱི་ཚོང་པ་ཚོས་ཀྱང་བོད་པའི་ཚོང་པ་ཁག་ཅིག་སྔ་ལོ་དགུན་ཚོང་ལ་བསྐྱོད་ཐུབ་མེད་པས་བུན་ལོན་དུས་ཐོག་ཏུ་སྤྲོད་མ་ཐུབ་པའི་དཀའ་ངལ་ལ་བསམ་ཤེས། ད་ལོའི་དགུན་ཚོང་གི་དངོས་ཟོག་རྣམས་སྔར་བཞིན་མཁོ་འདོན་བྱེད་བཞིན་ཡོད་ཀྱང་ས་གནས་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་ཚོང་ལས་གཉེར་ཆོག་པའི་ཆོག་མཆན་འཐོབ་རྒྱུ་ཁག་པོ་ཡིན་ཞིང་། ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཡེ་ཤེས་ཕུན་ཚོགས་ཀྱིས་ཚོགས་ཆེན་གྱི་ཉིན་མཐའ་མར་སྐབས་ལྔ་པའི་རྒྱུན་ལས་གསར་འདེམས་བྱུང་བའི་གྲས་སུ་ནཱག་པུར་གྱི་བསྟན་འཛིན་པ་སངས་ཚོགས་གཙོ་དང་མ་ན་ལིའི་བསྟན་འཛིན་མཁྱེན་རྩེ་ཚོགས་གཞོན་ལ་བདམས་སོང་། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ནི་༢༠༠༨་ལོར་གསར་དུ་བཙུགས་ཏེ་ས་གནས་ཁག་༢༠༤་ལྷག་གི་ནང་དུ་དེབ་སྐྱེལ་བྱས་ནས་ཚོགས་མི་༤༠༠༠་ལྷག་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG