ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གིས་རྒྱ་གར་བའི་སྨན་པའི་ལྷན་ཚོགས་ལ་གསུང་བཤད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༧་ཚེས་༢༣་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་གྱི་གཟིམ་ཆུང་ནས་དྲྭ་ལམ་བརྒྱུད་དེ་རྒྱ་གར་བའི་རིགས་སུ་གཏོགས་པའི་རྒྱལ་སྤྱིའི་སྨན་པའི་ལྷན་ཚོགས་དང་ཡོ་ག་མཁས་པའི་སྨན་གྱི་ཚད་མཐོའི་སློབ་གཉེར་དང་ཞིབ་འཇུག་ཟུང་འབྲེལ་གཙུག་ལག་ཁང་། དེ་བཞིན་རྒྱ་གར་གྱི་ཡོ་གའི་ཚོགས་པ་ཞེས་པའི་ཚོགས་མི་ཚོར་ནད་པར་སྨན་བཅོས་དུས་སུ་བྱམས་དང་སྙིང་རྗེ་ཉམས་ལེན་བྱེད་སྟངས་ཀྱི་བརྗོད་གཞིའི་ཐོག་ཏུ་ལམ་སྟོན་བཀའ་སློབ་སྩལ་ཡོད་ཅིང་། ད་ཐེངས་ཀྱི་ལྷན་ཚོགས་དེར་༧གོང་ས་མཆོག་གིས་ཏོག་དབྱིབས་ནད་དུག་གི་མདུན་སར་རང་གི་ཚེ་སྲོག་འབེན་ལ་བཙུགས་ནས་ནད་པའི་ཚེ་སྲོག་སྐྱོབ་མཁན་སྨན་པ་དང་སྨན་ཞབས་པ་སོགས་ཀྱི་མཛད་རྗེས་ལ་ཡི་རང་དང་བསྔགས་བརྗོད་མཛད་པར་མ་ཟད། ད་ལྟའི་ནད་ཡམས་འདི་ལྟ་བུའི་ཉེན་ཁའི་མདུན་དུ་ནད་པ་གཅིག་པུ་མིན་པར་སྨན་པ་སོགས་ཀྱི་སེམས་ལའང་འཇིགས་སྣང་དང་དངངས་སྐྲག ཁོང་ཁྲོ་བཅས་པ་ཡོང་སྲིད་པས་སྙིང་རྗེའི་བློའི་གཉེན་པོ་བསྟེན་རྒྱུ་ནི་ནད་པ་དང་ནད་བཅོས་མཁན་གཉིས་ཀར་ཕན་པའི་བྱ་བ་ཞིག་ཡིན་ཞེས་སྨན་པའི་ལྷན་ཚོགས་དེར་ཞུགས་པའི་ཚོགས་མི་ཚོར་ལམ་སྟོན་བཀའ་སློབ་གནང་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ།།

XS
SM
MD
LG