ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྡ་སར་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མི་བྱེད་པའི་ལས་འགུལ་སྤེལ་བ།


༄༅།། དེ་རིང་ཕྱི་ཟླ་༧་པའི་ཚེས་༢༡་ཉིན་རྡ་སའི་མེག་གྷན་ཁྲོམ་གཞུང་དུ་བོད་མི་དམངས་སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྣེ་ཁྲིད་འོག དེང་སྐབས་བོད་པ་བཙན་བྱོལ་བ་དང་རྒྱ་གར་མི་དམངས་བཅས་ཀྱིས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མཚམས་འཇོག་བྱ་དགོས་པའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པར་རྒྱབ་སྐྱོར་བྱས་ཡོད་པར་མ་ཟད། རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་ཅ་དངོས་རྣམས་ཉོ་མཚམས་འཇོག་དགོས་པ་དང་རྒྱ་གར་གྱིས་བཟོ་སྐྲུན་བྱས་པའི་ཅ་དངོས་རྣམས་ཉོ་ཚོང་བྱ་དགོས་ཞེས་འབོད་ཚིག་བསྒྲགས་ནས་ཁྲོམ་སྐོར་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG