ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་སློོབ་ཆེན་ཁག་དང་དགེ་སློབ་ཀྱི་བསམ་བློའི་ལྟ་བ།


རྒྱ་ནག་གི་པེ་ཅིང་སློབ་གྲྭ་ཆེན་མོ་དང་ཧྲང་ཧེའི་ཧྥུ་ཏན་སློབ་གྲྭ་ཆེན་མོ། ཀོང་ཏུང་གི་སུན་ཀྲུང་ཧྲན་སློབ་གྲྭ་ཆེན་མོ་བཅས་ཀྱིས་རང་གི་དགེ་སློབ་ཚོའི་བསམ་བློའི་ལྟ་བར་སྟངས་འཛིན་བྱ་དགོས་པ་དང་། རྒྱ་ནག་གི་སློབ་ཆེན་དེ་དག་གིས་ཆུ་ཚོད་༢༤་རིང་ལ་སློབ་ཕྲུག་དང་དགེ་རྒན་ཚོས་དྲ་ལམ་ལ་ལྟ་ཚུལ་གང་འདྲ་ཞིག་བཟུང་ནས་རྩིམ་ཡིག་ཁྱབ་སྤེལ་བྱེད་ཀྱི་ཡོད་མེད་རྟོག་ཞིབ་བྱས་ཏེ། དྲ་ལམ་བརྒྱུད་ནས་མི་དམངས་ཀྱི་བསམ་བློའི་ནང་དུ་སྲིད་གཞུང་ལ་ལྟ་ཚུལ་ངན་པའི་བག་ཆགས་ཤིག་ཐེབས་ཡོད་པ་གཙང་དག་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པའི་བདེན་འཚོལ་དུས་དེབ་ཀྱི་འདོན་ཐེངས་གསར་པར་དུས་རབས་ཀྱི་གནས་སྟངས་གསར་པའི་འོག་ཏུ་རྒྱ་ནག་གི་སློབ་ཆེན་ཁག་གི་དགེ་སློབ་ཚོའི་བསམ་བློའི་ལྟ་བ་བསྒྱུར་ཐབས་ལ་འཐབ་རྩོད་ཇི་ལྟར་བྱ་དགོས་མིན་ཞིབ་ཕྲ་བཀོད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG