ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

གསང་བའི་ཐོག་ནས་བོད་མི་གསུམ་ལ་དུས་ཡུན་རིང་པོ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།


ཁམས་ནགས་ཤོད་འབྲི་རུ་ཁུལ་གྱི་གནས་ཚུལ་ཕྱི་ལོགས་སུ་མི་གྱར་བའི་ཆེད་དུ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དང་ཆབས་ཅིག་ཏུ་བོད་མི་མང་པོ་གསང་བའི་ཐོག་ནས་འཛིན་བཟུང་དང་ཁྲིམས་གཅོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་པའི་སྐབས་འདིར། ད་ལྟ་གསར་དུ་བོད་མི་གསུམ་ད་ལོའི་སྤྱི་ཟླ་དང་པོའི་ནང་དུས་ཡུན་རིང་པའི་བཙོན་འཇུག་གི་དུས་བཀག་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་འབྲེལ་ཡོད་མི་སྣར་སྐད་ཆ་དྲིས་ནས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གནང་གི་རེད།
XS
SM
MD
LG