ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

རྒྱ་གཞུང་གིས་རིམས་ནད་ཁྱབ་གདལ་གྱི་དངོས་ཡོད་གནས་ཚུལ་བཀག་སྡོམ།


༄༅།། སྔ་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཁྱབ་འགོ་ཚུགས་མ་ཐག་ཏུ་རྒྱ་ནག་གཞུང་གིས་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱ་རྒྱུ་འགོ་ཚུགས། ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པའི་དངོས་ཡོད་གནས་སྟངས་སྦ་གསང་བྱ་ཐབས་དང་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་བཀག་སྡོམ། ཨ་མི་རི་ཀའི་སྤྱི་དམངས་རྣམས་ཀྱང་ཝུ་ཧན་གྲོང་ཁྱེར་ནས་རང་ཡུལ་དུ་ལོག་དགོས་ཞེས་བཙན་གྱིས་ཕྱིར་སློག་བྱས་ཤིང་། རྒྱལ་སྤྱིའི་ཐོག་ཏུ་འགྲིམ་འགྲུལ་འགགས་པའི་རྗེས་སུ་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཝུ་ཧན་ལ་བསྐྱོད་མ་ཐུབ། གལ་སྲིད་ཕྱི་རྒྱལ་གྱི་གསར་འགོད་པ་བཀག་སྡོམ་དང་རྒྱལ་ནང་གི་གསར་འགྱུར་གྱི་ནད་དོན་ཁག་ལ་ཞིབ་བཤེར་བྱས་པའི་ཀུན་སློང་ངོ་མ་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ལ་ཚབས་ཆེའི་ནད་ཡམས་ཤིག་ཁྱབ་གདལ་འགྲོ་བཞིན་པ་སྔོན་འགོག་བྱེད་ཐུབ་ཀྱི་མེད་པ་ཕྱི་ལ་འཁྱར་དུ་འཇུག་འདོད་མེད་པ་ཡིན་ཚེ། རྒྱ་ནག་གཞུང་གི་འདོད་དོན་རྣམས་ཚུལ་བཞིན་གྲུབ་མི་འདུག ནད་ཡམས་ཁྱབ་གདལ་དུས་སུ་ཝུ་ཧན་གྲོང་ཁྱེར་དང་ཧུ་པེ་ཞིང་ཆེན་ཡོངས་སུ་དངོས་ཡོད་གནས་ཚུལ་ཅི་ཞིག་འབྱུང་གི་ཡོད་པ་རྣམས་ྒྱ་ནག་གི་སྤྱི་དམངས་གསར་འགོད་པ་ཚོས་ཁྱབ་བསྒྲགས་བྱས་སོང ཞེས་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་རྩོམ་ཡིག་ཅིག་བཀོད་འདུག

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་བཀོད་པ་ལྟར་ན། རྒྱ་ནག་ནི་འཛམ་གླིང་འདིར་གསར་འགོད་རང་དབངལ་དམ་དྲག་ཆེས་ཤིན་ཏུ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་ནག་གི་སྤྱི་དམངས་སྒྲིག་འཛུགས་ཁག་གིས་རང་སྲོག་ལ་འཛེམ་པ་མེད་པར་གསར་འགྱུར་སྤེལ་ནས་དངོས་ཡོད་གནས་ཚུལ་རྣམས་ཐེར་འདོན་བྱས་པ་རེད། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་དོན་དངོས་ཀྱི་གསར་འགྱུར་རྣམས་ཁྱབ་སྤེལ་བྱེད་དུ་འཇུག་གི་མེད་པར་རྒྱུ་མཚན་འདུག དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཕྱི་ལ་ཁྱབ་ན་མཐར་ཐུག་རྒྱ་ནག་དམར་ཤོག་གི་སྲིད་དབང་སྲ་བརྟན་འབྱུང་མི་ཐུབ་པའི་འཇིགས་སྣང་ཡོད་པས་རེད་ཅེས་རྒྱ་ནག་གི་གསར་ལམ་ལས་གཞི་མཉམ་འཛུགས་པ་ཌེ་ཝྭི་ཌི་བྷན་ཌར་སི་ཀིས་བཤད་འདུག བདུན་ཕྲག་སྔོན་མར་ཚེ་ཞིན་གསར་དེབ་ལ་རྒྱ་གཞུང་གིས་ཝུ་ཧན་གྲོང་ཁྱེར་དུཏོག་དབྱིབས་རིམས་ནད་དུས་སུ་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཞིག་ཕྱིར་བསྒྲགས་བྱས་པ་ངོ་མ་ཡིན་མིན་དོགས་སློང་བྱས་ཡོད་པ་སྟེ། ཝུ་ཧན་གྲོང་ཁྱེར་དུ་མི་ཤི་བའི་པུར་ཐལ་ལེན་པར་མི་རྣམས་ཆུ་ཚོད་མང་པོར་བང་བསྒྲགས་ནས་བསྡད་འདུག་ཅེས་དབྱིན་འགྱུར་མའི་འགོ་བརྗོད་འཁོད་པའི་རྩོམ་ཡིག་ཅིག་སྤེལ་འདུག རྒྱ་ནག་གིས་གཞུང་འབྲེལ་ཐོག་ཏུ་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་གིས་མི་༢༥༠༠་ལྷག་ལ་ཤི་སོང་ཞེས་ཁྱབ་བསྒྲགས་བྱས་ཀྱང་ཚེ་ཞིན་གསར་དེབ་ཀྱི་རྩོམ་ཡིག་དེར་གཞུང་གི་ཁྱབ་བསྒྲགས་བྱས་པ་དང་ས་གནས་ཀྱི་པུར་སྲེག་ཁང་ཞིག་གིས་ཉིན་ལྟར་དུས་ཡུན་ཆུ་ཚོད་༡༩་རེ་ལ་མིའི་ཕུང་པོ་བསྲེགས་པ་གཉིས་མཐུན་གྱི་མི་འདུག ཉི་མ་གཉིས་ཀྱི་རིང་ལ་པུར་སྲེག་ཁང་དེར་པུར་ཐལ་བུམ་སྣོད་༥༠༠༠་བསྐྱལ་འདུག་ཅེས་ཐེར་འདོན་བྱས་ཡོད་པ་རེད།

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ཚུད་པའི་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་མང་དག་ཅིག་གིས་ཝུ་ཧན་གྲོང་ཁྱེར་དུ་མི་ཅི་ཙམ་ཤི་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་སྤེལ་ཡོད་པར་མ་ཟད། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་ཝུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་གིས་མི་༤༢༠༠༠་ཙམ་ཤི་ཡོད་པའི་གནས་ཚུལ་སྤེལ་འདུག ཚེ་ཞིན་གསར་དེབ་ཏུ་ཝུ་ཧན་གྲོང་ཁྱེར་ལཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པ་འགོག་མ་ཐུབ་པར་སྐྱོན་བརྗོད་ཀྱི་གནས་ཚུལ་མང་པོ་ཞིག་སྤེལ། རྩོམ་ཡིག་དེ་དག་གི་གྲས་ཀྱི་ཁག་ཅིག་རྒྱ་ནག་གཞུང་གིས་འཕྲལ་དུ་ཝུ་ཧན་གྲོང་ཁྱེར་ལ་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྔོན་འགོག་ནན་པོ་ཞིག་མ་བྱས་པར་འཐུས་ཤོར་བཏང་བའི་སྐྱོན་བརྗོད་ཡིན་པ་དང་། རྩོམ་ཡིག་ཁག་ཅིགཝུ་ཧན་གྲོང་ཁྱེར་དུ་ད་དུང་ཡང་ནད་རྟགས་མ་ཐོན་པར་ནད་དུག་ཁྱབ་ཀྱི་ཡོད་སྲིད་ཅེས་ཉེན་བརྡ་བཏང་བའི་རྩོམ་ཡིག་ཡིན་འདུག དེར་བརྟེན་ཏུར་ཀིའི་ཉམས་ཞིབ་པ་ཞིག་དང་ཨ་རིའི་ཊེཀ་སེ་སི་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་ཀོར་ཎི་སོགས་ཀྱིས་ཚེ་ཞིན་གསར་དེབ་ལ་བསྔགས་བརྗོད་བྱས་ཀྱང་རྒྱ་ནག་ནང་ཁུལ་དུ་གསར་དེབ་ཅིག་ལ་ཕྱི་རྒྱལ་གྱི་བསྔགས་བརྗོད་ཐོབ་ན་དཀའ་ངལ་ཞིག་དང་རྡོག་ཁྲེས་ཤིག་ཏུ་གྱུར། བདུན་ཕྲག་འདིར་རྒྱ་ནག་གི་ཝི་པའོ་དྲྭ་ཚིགས་སུ་ཚེ་ཞིན་བདུན་རེའི་གསར་དེབ་ཀྱི་གནས་ཚུལ་རྣམས་བརྒྱུད་སྤེལ་བྱས་པས་ཀློག་པ་པོ་མང་དག་ཅིག་གིས་རྩོམ་ཡིག་དེ་རྒྱ་ནག་ལ་རྒོལ་གཏམ་བཏང་བ་ཞིག་རེད། ཚེ་ཞིན་གསར་དེབ་རྩ་འཛུགས་པ་ཧུ་ཧྲུ་ལིས་རྒྱ་ནག་གི་སྙན་གྲགས་ལ་ནག་ཐིག་ཕབ་པ་རེད་ཅེས་ཁ་རྡུང་དྲག་པོ་བཏང་འདུག རྒྱ་ནག་གི་སྤྱི་ཚོགས་སུ་རང་བཙན་གྱི་གསར་འགོད་ལས་རིགས་ཤིག་གཉེར་དགོས་ན་ཧ་ཅང་བཟོད་པོ་བྱ་དགོས། རྒྱ་ནག་གི་གསར་འགོད་པ་ཚོར་ཕྱི་རྒྱལ་གྱི་གསར་འགོད་པ་ལྟར་ཐོངས་མཆན་མི་འཐོབ་པའི་དཀའ་ངལ་མེད་ཀྱང་དེ་མིན་གྱི་ཉེན་ཁ་གཞན་པ་འཕྲད་སླ། རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པ་གནས་ཚུལ་སྤེལ་བ་ལྟར་ན་སྔ་ལོ་གཅིག་པུར་རྒྱ་ནག་གཞུང་གིས་ཉུང་མཐར་ཡང་རྒྱལ་ནང་གི་གསར་འགོད་པ་༤༨་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་ཡོད་པ་རེད།

རྒྱ་ནག་གི་གསར་འགོད་པ་ཚོར་ཚོང་ལས་ཀྱི་གྲུབ་འབྲས་འཐོན་དགོས་པ་དང་ལས་དོན་རྒྱུན་འཁྱོངས་བྱ་དགོས་ན་དཀའ་ངལ་གཉིས་ལ་གདོང་ལེན་བྱ་དགོས། དེ་ནི་རྒྱ་ནག་གཞུང་གིས་གནས་ཚུལ་ངོ་མ་ཕྱིར་བསྒྲགས་བྱེད་དུ་མི་འཇུག་པའི་དམ་དྲག་ལ་གདོང་ལེན་བྱ་དགོས་པའི་དཀའ་ངལ་དང་གསར་འགོད་པ་ཚོས་རྫུན་བཤད་ན་མི་མང་གིས་ཤེས་རྟོགས་ཐུབ་ཀྱི་ཡོད་པའི་དཀའ་ངལ་གཉིས་ལ་གདོང་ལེན་བྱ་དགོས། ༢༠༠༥་ལོར་ཧོང་ཀོང་གི་ཕྱེད་སྒེར་བདག་ཅན་གྱི་རྒྱ་བྱ་བརྙན་འཕྲིན་ཁང་གི་བདག་པོ་ལིའུ་ཁྲང་ལེས་ང་ཚོས་ཧ་ཅང་གི་གཟབ་ནན་བྱ་དགོས་ཀྱི་འདུག་ཅེས་བཤད། ༢༠༠༢་ནས་༢༠༡༢་བར་དུ་ཧུ་ཅིན་ཐའོ་ཡིས་སྲིད་དབང་བཟུང་བའི་རིང་ལརང་བཙན་གྱི་གསར་འགོད་པ་ཚོར་རྒྱ་ནག་གི་སྤྱི་ཚོགས་སུའགུལ་ས་དང་འཕག་ས་ཅུང་ཟད་ཡོད་ཀྱང་༢༠༡༣་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་མི་རིགས་རིང་ལུགས་ཀྱི་ང་རྒྱལ་བསླངས། ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་གི་རང་བཙན་གྱི་གསར་འགོད་པ་ཚོར་དམ་དྲག་ནན་པོ་ཐེབས། ཚེ་ཞིན་གསར་དེབ་རྩ་འཛུགས་པ་ཧུ་ཧྲུ་ལི་རྒྱ་ནག་དམར་ཤོག་ཚོགས་པའི་ཤེས་ཡོན་ཅན་ཞིག་གི་ཁྱིམ་ཚང་དུ་སྐྱེས་པ་དང་སྲིད་འཛིན་གཞོན་པ་ཝང་ཆི་ཧྲན་ལ་འབྲེལ་བ་བཟང་པོ་ཡོད་པས་གསར་འགོད་ལས་རིགས་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་༢༠༠༩་ལོར་ནེའུ་ཡོཀ་དུས་དེབ་ཀྱི་ཧུ་ཧྲུ་ལི་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གི་གསར་འགོད་པ་རྣམས་གནས་སྡོད་བྱ་ཡུལ་དེར་བསྡད་འདུག་ཅེས་གསར་འགྱུར་སྤེལ། ཝ་ཤིང་ཊོན་དུ་གནས་འཁོད་ཡ་ཤུའེ་ཚའོ་ཞེས་པའི་ཉམས་ཞིབ་པ་ཞིག་གིས་རྒྱ་ནག་གི་ཚེ་ཞིན་གསར་དེབ་ཡིད་རྟོན་རུང་ས་ཞིག་མ་རེད། གསར་དེབ་རྩ་འཛུགས་པ་ཧུ་ཧྲུ་ལི་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་འབྲེལ་བ་འདུག དེས་ན་ཚེ་ཞིན་རང་བཙན་གྱི་གསར་དེབ་ཅིག་ཡིན་ཐུབ་རྒྱུ་ཁག་པོ་རེད་ཅེས་དོགས་སློང་བྱས་འདུག

རྒྱ་ནག་ཅན་དུ་འགྱུར་བ་ཞེས་པའི་གསར་འགྱུར་རྩོམ་སྒྲིག་པ་བྷིལ་བྷི་ཤོབ་ཀྱིས་བཤད་པ་ལྟར་ན། ཚེ་ཞིན་གསར་དེབ་ཀྱིལག་པ་འཆང་མི་ཕོད་པའི་གསར་འགྱུར་ཁག་ཅིག་འདུག དཔེར་ན་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་ཁང་དུ་བཅུག་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་དྲིལ་བསྒྲགས་རྒྱ་ཆེར་བྱས་ཀྱང་ཚེ་ཞིན་གསར་དེབ་ཀྱིས་དེ་ལ་ལག་པ་འཆང་མ་སོང་དོན་དངོས་སུ་ཚེ་ཞིན་གསར་དེབ་གནས་ཚུལ་དེར་རྒྱུས་མངའ་ཆེ་བ་ཡོང་ངེས་རེད་ཅེས་བཤདདབྱིན་ཇིའི་ལི་ཌི་སློབ་གྲྭ་ཆེན་མོ་མཁས་པ་ཡོན་ཙེང་གིས་བཤད་པ་ལྟར་ནཝུ་ཧན་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་མགོ་སྟོད་དེར་རྒྱ་ནག་གི་རང་བཙན་གྱི་གསར་འགྱུར་ལས་ཁང་ཁག་སྟེ། རྒྱ་ནག་གི་ན་གཞོན་ཉིན་རེའི་ཚགས་པར་དང་དབྱི་གསར་དེབསན་ལེན་བདུན་རེའི་འཚོ་བའི་དུས་དེབ་སོགས་ཀྱིས་ཞིབ་འཇུག་གི་རྩོམ་ཡིག་ཁག་ཅིག་སྤེལ་ནས་སྲིད་གཞུང་གིས་སྒྲོགས་ཀྱི་ཡོད་པ་རྣམས་བདེན་པ་ཡིན་མིན་རྩད་གཅོད་བྱས་སོང་། རྩོམ་ཡིག་དེ་དག་གི་མང་ཆེ་བ་རྒྱ་ཡིག་ཏུ་བྲིས་ཡོད་པས་གཞུང་གིས་འཕྲལ་དུ་ནག་སུབ་བྱས་ཀྱང་རྩོམ་ཡིག་ཁག་ཅིག་དབྱིན་ཡིག་ལ་བསྒྱུར་ཐུབ་འདུག ཕྱི་ཟླ་༢་པའི་ཚེས་༡༠་ཉིན་སྤེལ་བའི་རྒྱ་ནག་བདུན་རེའི་གསར་དེབ་ལ་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཀག་སྡོམ་གྱི་གོ་སྐབས་ཇི་ལྟར་ཤོར་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་སོང་། ད་ལྟ་རྒྱ་ནག་གཞུང་གིས་སྒེར་གྱི་གསར་འགོད་པ་ཚོས་ཝུ་ཧན་ལ་ནད་དུག་ཁྱབ་སྟངས་དང་མི་ལ་འཆི་མནར་བྱུང་བའི་གྲངས་འབོར་སོགས་ལ་ཞིབ་འཇུག་བྱས་ནས་གསར་འགྱུར་སྤེལ་གྱི་ཡོད་པ་རྣམས་ཁ་བཀག་ཟིན་འདུག་ཅེས་བཤད་ཡོད་པ་རེད།

XS
SM
MD
LG