ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་རྒྱལ་སྤྱིའི་ངོ་རྒོལ་ལ་གདོང་ལེན་བྱ་རྒྱུའི་གྲ་སྒྲིག


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་ཧོང་ཀོང་ནི་སྔར་བཞིན་རྒྱ་ནག་གི་མངའ་འོག་ཏུ་ཚད་མཐོའི་རང་སྐྱོང་གི་གནས་བབ་ཡོད་པའི་ས་ཁུལ་ཞིག་ལ་ངོས་འཛིན་བྱ་རྒྱུ་མིན་ཞེས་བསྒྲགས། དེའི་རྗེས་སུ་པེ་ཅིང་གཞུང་གིས་རྒྱལ་སྤྱིའི་སྐྱོན་བརྗོད་དང་འཁོན་ལན་སློག་སྲིད་པར་གདོང་ལེན་ཇི་ལྟར་བྱ་དགོས་མིན་གྱི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ཨ་རི་གཞུང་གིས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་དང་༢༠༡༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོར་རྒྱབ་སྐྱོར་ཡོད་ཅེས་གྲོས་ཆོད་བཞག་ཡོད་པ་སོགས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG