ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྷ་སར་བོད་ཡིག་གི་ཡིག་ཆ་པར་སློག་རྒྱག་མི་ཆོག་པའི་དམ་དྲག


༄༅།། བོད་ཀྱི་རྒྱལ་ས་ལྷ་སར་བོད་ཡིག་པར་སློག་རྒྱག་མཁན་ཚང་མ་རྒྱ་ནག་པ་ཡིན་པ་དང་བོད་ཡིག་གི་ཡིག་ཆ་གཏན་ནས་པར་སློག་རྒྱག་མི་ཆོག་པའི་བཀའ་རྒྱ་ཞིག་༢༠༠༨་ཀྱི་རྗེས་སུ་བཏང་ཡོད་པ་རེད། ད་ལྟ་དེའི་ཐོག་ཏུ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་བོད་ཡིག་གི་ཡིག་འབྲུ་གཅིག་པར་སློག་བརྒྱབ་ན་རྒྱ་སྒོར་ཁྲི་ལྔ་ཡན་ཆད་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་རྒྱ་མི་ཡིག་པར་རྒྱག་མཁན་ཚོར་རྒྱ་ནག་གཞུང་གི་བཀའ་རྒྱ་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག ལྷ་སར་པར་ཁང་དང་གློག་ཀླད་ཀྱི་ཡིག་ཆ་གཏག་མཁན། ཡིག་བཤུ་རྒྱག་མཁན་བཅས་སྒེར་གཉེར་གྱི་ལས་རིགས་ཚང་མས་བོད་ཡིག་གི་ལས་ཀ་བྱེད་མི་ཆོག་པ་བཟོས་འདུག ཐ་ན་ཁང་པ་ཞིག་ཁང་གླ་གཏོང་རྒྱུའི་བརྡ་ཁྱབ་ཀྱང་བོད་ཡིག་ཏུ་འབྲི་མི་ཆོག་པ་བཟོས་འདུག སློབ་གྲྭའི་སློབ་ཕྲུག་གི་ཀློག་དེབ་ཀྱང་དཔར་སློག་རྒྱག་ཆོག་གི་མི་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་གལ་སྲིད་པར་སློག་ཅིག་རྒྱག་དགོས་ན་གོང་རིམ་ལ་ཆོག་མཆན་ཞུ་དགོས་པ་དང་ལྷ་སའི་ཡིག་སྒྱུར་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་རྗེས་གཞི་ནས་ཆོག་མཆན་འགོད་ཀྱི་རེད། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་སུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་མཐོང་ཆེན་བྱེད་དགོས་ཞེས་འཁོད། འོན་ཀྱང་དེ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་དུ་བཀོད་པ་ཙམ་ལས་དོན་དངོས་སུ་བོད་ཡིག་ལ་ལམ་ཁ་གཏན་ནས་སྤྲོད་ཀྱི་མེད་པ་ནི་རྩ་ཁྲིམས་དང་ཡོངས་སུ་རྒྱབ་འགལ་རེད། བོད་ཡིག་བཀོལ་སྤྱོད་བྱེད་ཀྱི་མེད་པ་དེས་སྲིད་གཞུང་དང་རྒྱལ་ཁབ་ཀྱི་གནས་ཚུལ་གཞི་རིམ་མི་མང་གིས་ཤེས་རྟོགས་ཐུབ་རྒྱུར་དཀའ་ངལ་འཕྲད་པར་མ་ཟད། རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་དང་རྩ་འགལ་ཕྱིན་ཡོད་པ་རེད་ཅེས་སེམས་ཚོར་ཆེན་པོས་བརྗོད་ཀྱི་འདུག

གསར་འགྱུར་འདིའི་རིགས་ལ་རྒྱུས་མངའ་ཡོད་པ་དང་༢༠༢༡་གི་ལོ་མཇུག་ཏུ་བོད་ཀྱི་རྒྱལ་ས་ལྷ་ནས་རྒྱ་གར་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་དུ་འབྱོར་བ་སྟེ། དེ་སྔ་ལྷ་སར་རྒྱ་ནག་གི་ཀྲུང་གོའི་དངུལ་ཁང་དང་ས་ཁང་ལས་ཁུངས་བཅས་སུ་ལོ་མང་རོང་ཕྱག་ལས་གནང་མྱོང་ཞིང་། ད་ལྟ་བཞུགས་སྒར་རྡ་རམ་ས་ལར་གནས་འཁོད་ཚེ་རིང་ཟླ་བ་ལགས་ཀྱིས་དངོས་སུ་གནས་ཚུལ་དེའི་རིགས་འབྱུང་གི་ཡོད་པ་རེད། བོད་ཡིག་པར་སློག་རྒྱག་མི་ཆོག་དོན་ནི་བོད་ལ་ཆབ་སྲིད་ཀྱི་གནས་ཚུལ་མི་འབྱུང་བའི་ཆེད་དུ་རེད་ཅེས་འགྲེལ་བརྗོད་བྱས་ཤིང་། གསར་འགྱུར་མཁོ་སྤྲོད་པས་བོད་ཡིག་གི་ཡིག་ཆ་པར་སློག་རྒྱག་མི་ཆོག་པའི་དམ་དྲག་དེ་༢༠༠༨་ལོར་བོད་ས་ཡོངས་སུ་ས་བྱིའི་ཞི་རྒོལ་ཆེན་མོ་ལངས་པའི་རྗེས་སུ་མགོ་ཚུགས་པ་རེད། དེང་སྐབས་དམ་དྲག་དེ་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་བཀྲལ་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG