༄༅།། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་ཟུར་པ་ཐུབ་བསྟན་བསམ་འཕེལ་གྱིས་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ཞིག་ལག་བསྟར་བྱེད་བཞིན་པ་ནི་སྔོན་ཆད་འཛམ་གླིང་དམག་ཆེན་གཉིས་པ་སྐབས་སུ་འཇར་མན་ན་ཛི་གཞུང་གིས་འཇིའུ་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་དང་གཅིག་མཚུངས་རེད་ཅེས་རྒྱ་གར་གྱི་གསར་ཤོག་ཅིག་གི་ནང་དུ་རྩོམ་ཡིག་རིང་པོ་ཞིག་སྤེལ་ཡོད་པའི་སྐོར། ཀུན་བཟང་རིན་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།