ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ལྷག་པ། ༢༠༢༦/༠༤/༡༥
རྒྱ་ནག
ཨ་རུ་ན་ཅཱལ་གྱི་ས་ཐོག་ཏུ་རྒྱ་ནག་གིས་གྲོང་གསེབ་ཅིག་འཛུག་སྐྲུན།
༡༩།༠༡།༢༠༢༡
ཨ་རུ་ན་ཅཱལ་གྱི་ས་ཐོག་ཏུ་རྒྱ་ནག་གིས་གྲོང་གསེབ་ཅིག་འཛུག་སྐྲུན།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
ཨ་རུ་ན་ཅཱལ་གྱི་ས་ཐོག་ཏུ་རྒྱ་ནག་གིས་གྲོང་གསེབ་ཅིག་འཛུག་སྐྲུན།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:06:16
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། རྒྱ་ནག་གིས་རྒྱ་གར་ཤར་ཕྱོགས་ཀྱི་ཨ་རུ་ན་ཅཱལ་མངའ་སྡེའི་ས་མཚམས་བརྒལ་ནས་རྒྱ་གར་བའི་ས་ཐོག་ཏུ་ཁང་པ་༡༠༡་ཡོད་པའི་གྲོང་གསེབ་གསར་པ་ཞིག་འཛུགས་སྐྲུན་བྱས་ཡོད་ཅིང་། ཉེ་ལམ་ཕྱི་ཟླ་༡༡་པའི་ཚེས་༡་ཉིན་འཁོར་སྐར་གྱིས་བླངས་པའི་འདྲ་པར་དེར་དཔྱད་ཞིབ་པ་ཚོས་བརྟག་དཔྱད་ཞིབ་ཚགས་བྱས་ནས་གྲོང་གསེབ་དེ་ཧིན་བོད་ས་མཚམས་ནས་སྤྱི་ལེ་༤་དང་ཕྱེད་ཀ་བརྒལ་ཏེ་རྒྱ་གར་གྱི་མངའ་ཁོངས་སུ་འཛུགས་སྐྲུན་བྱེད་ཡོད་པས་རྒྱ་གར་གཞུང་གིས་བློ་འཚབ་ཆེན་པོ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན། རྒྱ་གར་གྱི་ཨེན་ཌི་བརྙན་འཕྲིན་ཁང་ལ་རག་པའི་འཁོར་སྐར་གྱི་འདྲ་པར་དེར་བལྟས་ཚེ། རྒྱ་ནག་གིས་གསར་དུ་འཛུགས་སྐྲུན་བྱས་པའི་གྲོང་གསེབ་དེ་སྔ་ལོ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་ལག་འཛིང་ཐུག་ས་སྟེ། ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་དམར་འཛིང་བྱུང་བའི་སྐབས་དེར་འཛུགས་སྐྲུན་བྱས་པ་ཞིག་ཡིན་འདུག སྔ་ལོའི་ཕྱི་ཟླ་༦་པའི་ནང་དུ་རྒྱ་ནག་གི་དམག་མིས་རྒྱ་གར་གྱི་དབང་སྒྱུར་འོག་ཏུ་ཡོད་པའི་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་ལ་བཙན་འཛུལ་བྱས་པའི་སྐབས་དེར་ཕྱོགས་གཉིས་ཀྱི་མཐའ་མཚམས་སྲུང་དམག་ཁག་ཅིག་ལག་འཛིན་ཐུག་སྟེ་ལོ་༤༥་ལྷག་གི་རིང་དུ་བྱུང་མྱོང་མེད་པའི་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་། རྒྱ་གར་བའི་དམག་མི་༢༠་ཐམ་པར་སྲོག་སྐྱོན་ཕོག་པ་དང་རྒྱ་ནག་གི་དམག་མི་ཅི་ཙམ་ལ་སྲོག་སྐྱོན་བྱུང་མིན་ཕྱིར་བསྒྲགས་བྱས་མེད་ཀྱང་ཨ་མི་རི་ཀ་དང་རྒྱ་གར་གཉིས་ཀས་རྒྱ་ནག་གི་མཐའ་མཚམས་སྲུང་དམག་༣༠་ནས་༤༠་ཡས་མས་ཤིག་ལ་སྲོག་སྐྱོན་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ད་ལྟ་དགུན་གྱི་གྲང་ངད་ཤིན་ཏུ་ཆེ་བའི་དུས་སུའང་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་སུ་བཀྲམ་ཡོད་པའི་དམག་མི་རྣམས་ཕྱིར་འཐེན་མ་བྱས་པར་འཐབ་འཁྲུག་གི་གྲ་སྒྲིག་བྱས་ནས་བསྡད་ཡོད་པ་རེད།།
༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༢༦་ཉིན་རྒྱ་གར་ཤར་ཕྱོགས་ཀྱི་ཨ་རུ་ན་ཅཱལ་མངའ་སྡེའི་ཧིན་བོད་ས་མཚམས་ཁག་འདྲ་པར་བླངས་པ་ཁག་དང་། དེའི་སྡོན་ལ་བླངས་པའི་འདྲ་པར་ཁག་ཏུ་རྒྱ་ནག་གིས་ས་མཚམས་བརྒལ་ནས་ཨར་ལས་ཀྱི་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་གཏན་ནས་མི་གསལ། ༢༠༢༠་ལོའི་ཕྱི་ཟླ་༡༡་པའི་ཚེས་༡་ཉིན་བླངས་པའི་འདྲ་པར་ནང་དུ་རྒྱ་ནག་གིས་ཧིན་བོད་ས་མཚམས་བརྒལ་ནས་ཨ་རུ་ན་ཅཱལ་གྱི་ས་ཐོག་ཏུ་གྲོང་གསེབ་ཅིག་འཛུགས་སྐྲུན་བྱས་ཡོད་པ་གསལ་བས་རྒྱ་ནག་གཞུང་གིས་གྲོང་གསེབ་དེ་སྔ་ལོ་འཛུགས་སྐྲུན་བྱས་པ་ར་འཕྲོད། རྒྱ་གར་གྱི་བརྙན་འཕྲིན་ཁང་དེས་འཁོར་སྐར་གྱི་འདྲ་པར་དེའི་འདྲ་བཤུས་ཤིག་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ལ་བསྟན་ནས་དགོངས་ཚུལ་ཅི་ཡོད་དྲིས་ཀྱང་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་ཧིན་བོད་ས་མཚམས་སུ་རྒྱ་ནག་གིས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། རྒྱ་ནག་གིས་འདས་པའི་ལོ་མང་རིང་ཧིན་བོད་ས་མཚམས་ཁག་ཏུ་འཛུགས་སྐྲུན་བྱས་ཡོད་པ་རེད། རྒྱ་གར་གཞུང་གིས་ཀྱང་ས་མཚམས་ཁུལ་དུ་རྒྱ་ལམ་དང་ཟམ་པ་གསར་པ་འཛུགས་སྐྲུན་བྱས་ནས་མི་མང་གི་འགྲིམ་འགྲུལ་བདེ་རུ་གཏོང་བཞིན་ཡོད་ཅེས་བཤད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་སྔ་ལོའི་ཕྱི་ཟླ་༡༠་པའི་ནང་དུ་རྒྱ་གར་གྱིས་ཧིན་བོད་ས་མཚམས་ཁུལ་དུ་འཛུགས་སྐྲུན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་དམག་མི་འགྲེམ་འཇོག་བྱེད་ཀྱི་འདུག འདི་ནི་རྒྱལ་ཁབ་གཉིས་ཀྱི་འགལ་རྐྱེན་གཙོ་བོ་ཞིག་རེད་ཅེས་བཤད། ཉེ་དུས་ཕྱི་ཟླ་༡༡་པའི་ཚེས་༡་ཉིན་བླངས་པའི་འདྲ་པར་གསར་པའི་ནང་དུ་རྒྱ་ནག་གིས་གྲོང་གསེབ་ཅིག་འཛུགས་སྐྲུན་བྱེད་ཡོད་པ་དེའི་ཁུལ་དུ་རྒྱ་གར་གྱིས་འགྲུལ་ལམ་གསར་པ་འཛུགས་བྱེད་ཀྱི་ཡོད་པ་མཐོང་རྒྱུ་མེད་མོད། ཨ་རུ་ན་ཅཱལ་མངའ་སྡེའི་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ཏ་པཱིར་གྷཱའོ་ཡིས་གསར་འགོད་པར་ངས་འཁོར་སྐར་གྱིས་བླངས་པའི་འདྲ་པར་དེ་བསྟན་ནས་གྲོས་ཚོགས་ལ་ཆུ་བོ་སཱ་ཝར་ཏ་མའི་སྟོད་ཕྱོགས་ཀྱི་རྫོང་སྡེ་ཞིག་གི་ཁོངས་སུ་རྒྱ་ནག་གི་དམག་མི་བཙན་འཛུལ་བྱེད་ཀྱི་འདུག རྒྱ་ནག་གིས་ཆུ་བོ་སཱ་ཝར་ཏ་མའི་སྟོང་ཕྱོགས་སུ་ལམ་ཐིག་གཉིས་ཡོད་པའི་རྒྱ་ལམ་ཞིག་འཛུགས་སྐྲུན་བྱེད་ཀྱི་འདུག རྒྱ་ནག་གི་དམག་མི་ས་མཚམས་བརྒལ་ནས་ང་ཚོའི་མངའ་ཁོངས་སུ་སྤྱི་ལེ་༦༠་ནས་༧༠་ཙམ་སིམ་འཛུལ་བྱས་ཡོད་པར་མ་ཟད། ཁོ་ཚོས་མུ་མཐུད་དུ་ཆུ་བོ་སཱ་ཝར་མ་ཏིའི་སྟོད་ཕྱོགས་སུ་རྒྱ་ལམ་འཛུགས་སྐྲུན་བྱེད་མུས་ཡིན་པ་བཤད་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག
རྒྱ་ནག་གིས་ཨ་རུ་ན་ཅཱལ་གྱི་ས་ཐོག་ཏུ་གྲོང་གསེབ་ཅིག་འཛུགས་སྐྲུན་བྱེད་ཡོད་པར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་ལ་འདྲི་རྩད་བྱས་ཡོད་མེད་ལྡི་ལི་གསར་པའི་བརྙན་འཕྲིན་ཁང་དེས་འདྲི་རྩད་བྱས་པར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་ལན་འདེབས་ཐད་ཀར་མ་བྱས་པར་རྒྱ་གར་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ཁག་ལ་བྱ་ར་ནན་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུ་དེར་རྒྱ་གར་གཞུང་གིས་དགོས་ངེས་ཀྱི་འཐབ་ཇུས་ཁག་ལག་བསྟར་བྱེད་ཀྱི་ཡོད་ཅེས་ལན་བཏབ། རྒྱ་གར་གྱི་གཞུང་འབྲེལ་ས་ཁྲའི་ནང་དུ་རྒྱ་ནག་གིས་འཛུགས་སྐྲུན་བྱ་ཡུལ་གྲོང་གསེབ་དེ་རྒྱ་གར་གྱི་ས་ཐོག་ཏུ་ཁེལ་ཡོད་པ་གསལ་པོ་ཡིན་འདུག གྷུ་གྷལ་དྲྭ་རྒྱའི་འདྲ་པར་ནང་དུ་རྒྱ་ནག་གིས་འཛུགས་སྐྲུན་བྱ་ཡུལ་གྲོང་གསེབ་གསར་པ་དེ་མེག་མ་ཧན་ས་ཐིག་སྟེ། རྒྱ་གར་དང་བོད་ཀྱི་ས་མཚམས་ཕྱེ་ཡོད་པ་དེའི་རྒྱ་གར་གྱི་ས་མཚམས་ནང་ལོགས་སུ་འཛུགས་སྐྲུན་བྱས་འདུག རྒྱ་གར་གཞུང་གིས་ཧིན་བོད་ས་མཚམ་སུ་ཆ་འཛིན་བྱེད་པའི་མེག་མ་ཧན་ས་ཐིག་ལ་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད།།
རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཉམས་ཞིབ་མཁས་པ་ཨར་པིས་རྒྱ་ནག་གིས་གསར་དུ་འཛུགས་སྐྲུན་བྱས་པའི་གྲོང་གསེབ་དེ་མེག་མ་ཧན་ས་ཐིག་གི་ལྷོ་ཕྱོགས་སུ་རྒྱ་གར་གྱི་ས་ཐོག་ཏུ་འཛུགས་སྐྲུན་བྱས་འདུག རྒྱ་ནག་གིས་རྒྱ་གར་གྱི་མངའ་ཁོངས་སུ་གྲོང་གསེབ་གསར་པ་ཞིག་འཛུགས་སྐྲུན་བྱས་ཡོད་པ་དེས་ས་མཚམས་ཀྱི་རྩོད་གཞི་ཡོད་པ་རྣམས་ཛ་དྲག་ཆེ་རུ་གཏོང་སྲིད་ཅེས་བཤད། རྒྱ་ནག་གིས་རྒྱ་གར་གྱི་ས་ཐོག་ཏུ་གྲོང་གསེབ་ཅིག་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་ཕྱོགས་གཉིས་ཀས་མིང་རྟགས་བཀོད་པའི་གྲོས་མཐུན་ཁག་ཅིག་རྩིས་མེད་བཏང་བ་ཞིག་ཏུ་འགྱུར་སྲིད། རྒྱ་དཀར་ནག་གི་གྲོས་མཐུན་ཁག་ཏུ་རྩོད་གཞི་ཆེ་བའི་ས་མཚམས་ཁག་ཏུ་རྒྱལ་ཁབ་གཉིས་ཀས་ལྷིན་འཇགས་བསྐྲུན་རྒྱུ། ཕྱོགས་གཉིས་ཀྱི་མི་མང་གི་བདེ་འཇགས་སྲུང་སྐྱོབ་ལ་དོ་ཕོག་གཏོང་རྒྱུ་མིན་ཞེས་བཀོད། ད་ལྟའི་བར་དུ་རྒྱ་དཀར་ནག་གི་སྐུ་ཚབ་ཚོས་ས་མཚམས་ཀྱི་གྲོས་མོལ་ཐེངས་༢༠་ལྷག་བྱས་ཡོད་པ་རེད།།
འབྲེལ་ཡོད།
ལྷ་སར་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྒྱག་འགོ་ཚུགས་པ།
རྡ་སར་འགོག་ཁབ་རྒྱག་འགོ་ཚུགས་པ།
XS
SM
MD
LG