ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྡ་སར་འགོག་ཁབ་རྒྱག་འགོ་ཚུགས་པ།


༄༅།། སྤྱི་ཟླ་༡་པོའི་ཚེས་༡༨་ཉིན་རྡ་རམ་ས་ལའི་རྒྱ་གར་གཞུང་གི་ཛོ་ནལ་སྨན་ཁང་དུ་སི་རམ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་དེ་སྨན་པ་དང་སྨན་ཞབས་པ། སྨན་ཁང་གི་ལས་བྱེད་པ་སོགས་འཕྲོད་བསྟེན་ལྟ་སྐྱོང་དང་ནད་དུག་སྔོན་འགོག་གི་མདུན་སར་ཐོན་པའི་ལས་སྣེ་ཚོར་སྨན་ཡོན་སྤྲོད་མི་དགོས་པར་འགོག་ཁབ་རྒྱག་གི་ཡོད་པ་ལྟར་བདེ་ལེགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་བཅུ་ལ་འགོག་ཁབ་ཐེངས་དང་པོ་བརྒྱབ་སོང་། འགོག་ཁབ་མ་བརྒྱབ་པའི་སྔོན་དུ་སོ་སོའི་ངོ་སྤྲོད་ལག་འཁྱེར་སྟོན་དགོས་པ་དང་ཐོ་གཞུང་ལྟར་སྨན་ཞབས་པ་ཚོས་འགོག་ཁབ་དེ་ཅི་ཞིག་གི་ཆེད་དུ་ཡིན་པ་ཞིབ་འགྲེལ། དེ་ནས་འགོག་ཁབ་བརྒྱབ་པའི་རྗེས་སུ་ཆུ་ཚོད་ཕྱེད་ཀའི་རིང་ལ་ལྟ་རྟོག་བྱེད་ཀྱི་ཡོད་པར་མ་ཟད། གལ་སྲིད་མི་དེར་ཞོར་གནོད་ཚབས་ཆེན་བྱུང་ན་འཕྲལ་དུ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་གྱི་འདུག

རྒྱ་གར་དབུས་གཞུང་གིས་མང་ཚོགས་ལ་འགོག་ཁབ་རྒྱག་རྒྱུའི་དུས་ཚོད་དང་སྨན་ཡོན་ཅི་ཙམ་ལེན་རྒྱུ་ཡིན་མིན་རྣམས་གཏན་ཁེལ་བྱུང་མེད་ཅིང་། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་འགོག་ཁབ་དེར་སྐྲག་སྣང་བྱུང་མ་སོང་། ཅིའི་ཕྱིར་ཞེ་ན་འགོག་ཁབ་དེ་དབྱིན་ཡུལ་དང་རྒྱ་གར་གཉིས་ཀྱི་ནང་དུ་མི་མང་པོ་ཞིག་ལ་བརྒྱབ་ཚར་བ་རེད། ཡིན་ནའང་ཞོར་གནོད་ཅུང་ཟད་རེ་ཡོང་སྲིད། ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་མ་ཡིན་པར་རྒྱུན་ལྡན་གྱི་བྱིས་པའི་ནད་རིགས་འགོག་པའི་སྨན་ཁབ་ཁག་ལའང་སྐབས་རེར་ཚ་བ་འཕར་བ་སོགས་ཀྱི་ཞོར་གནོད་གང་འཚམ་རེ་ཡོང་གི་ཡོད་པ་རེད་ཅེས་བཀྲལ་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG